མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དགའ་ལྡན་སུམ་རྩེན་གླིང5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་ལེགས་བསྒྱུར་རྣམ་གྲངས70%ལེགས་འགྲུབ་བྱུང་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་དགའ་ལྡན་སུམ་རྩེན་གླིང་ཡུལ་ལྗོངས་ཁུལ་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། དགའ་ལྡན་སུམ་རྩེན་གླིང5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་ལེགས་བསྒྱུར་རྣམ་གྲངས70%ལེགས་འགྲུབ་བྱུང་ཡོད་པ་དང་། རྣམ་གྲངས་ལྷག་མ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།

ཤེས་གསལ་བྱུང་བ་ལྟར་ན། སྔར་ལས་ལྷག་པར“ཤམ་བྷ་ལ”ཞེས་པའི་ཚོང་རྟགས་གསར་སྐྲུན་བྱེད་པ་དང་ཡུལ་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་ཆེད། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། ན་ནིང་གི་ཟླ3པའི་ནང་དངོས་སུ་དགའ་ལྡན་སུམ་རྩེན་གླིང་དུ་རྒྱལ་ཁབ5Aརིམ་པའི་ཡུལ་ལྗོངས་ཁུལ་གསར་སྐྲུན་བྱེད་པའི་བྱ་བ་གཉེར་འགོ་བརྩམས། མིག་སྔའི་བར། བཟོ་འགོད་ལས་རྣམ་གྲངས104ཡི་ལེགས་བསྒྱུར་བྱ་བ་ལེགས་འགྲུབ་བྱུང་ཡོད་པ་དང་། དེའི་ནང་ཡིག་ཆ་ལེགས་སྒྲིག་དང་སྤྱོད་ཁང་ལེགས་བཅོས།  དམིགས་བསལ་ཞབས་ཞུའི་སྒྲིག་ཆས་ལེགས་བཅོས། གནས་སྐོར་བའི་ལྟེ་གནས་ལེགས་བཅོས་དང་གློག་རྡུལ་ཚོང་ལས་འཛུགས་སྐྲུན། གཙོ་གནད་གཞུང་ལམ་སླར་གསོ་དང་ལྷ་མོ་གཡང་མཚོ་ལེགས་བསྒྱུར། དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་ཇུས་འགོད་དང་འགྲེམ་སྤེལ། ཕྱི་ཕྱོགས་ཀྱི་འགྲིམ་འགྲུལ་མཚོན་རྟགས་བྱང་བུ་འཛུགས་སྐྲུན་དང་ཡུལ་ལྗོངས་སྟེགས་བུ་འཛུགས་སྐྲུན་སོགས་འདུས། གཞན་ད་རུང་རྣམ་གྲངས་བཀོད་འདོམས་པུའུ་དང་མཉམ་དུ་གྲྭ་བཙུན་གྱི་སྡོད་ཁང་ལེགས་བཅོས་འཛུགས་སྐྲུན་བྱས་ནས་རྣམ་གྲངས་ལེགས་འགྲུབ་བྱུང་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག