ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

ཟླ11པའི་ཚེས29ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་“ཀྲུང་གོའི་ཕུགས་བསམ·མཐོ་སྒང་གི་བརྩེ་དུང་”2015ལོའི་ཚང་མ་ལ་དགའ་སྤྲོ་གནང་བའི་མི་རིགས་ཀྱི་ཐང་ཆེན་སྐོར་བྲོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་འཁྲབ་སྟོན་བྱས་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཁྲབ་སྟོན་རུ་ཁག11དང་ཁུལ་གླུ་གར་ཚོགས་པའི་འཁྲབ་མཁན་རྣམས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ནས་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ་པ་རེད།

མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་འགྱུར་ཆེད། ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་རྒྱུན་མཐུད་ཀྱིས་བོད་རིགས་དང་ལི་སུའུ་རིགས།འཇང་རིགས་སོགས་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཁྱབ་སྤེལ་གཏོང་ཞིང་།མི་རིགས་ཀྱི་ཐང་ཆེན་སྐོར་བྲོ་འཁྲབ་ཚན་1ནས་7ཁྱབ་སྤེལ་དང་མང་ཚོགས་ལ་སློབ་ཡོད།ཁྱབ་སྤེལ་གཏོང་བའི་མི་རིགས་ཀྱི་ཐང་ཆེན་སྐོར་བྲོ་ལ་མི་རིགས་སོ་སོའི་སྲོལ་རྒྱུན་ཞབས་བྲོའི་ནང་དོན་དང་རྣམ་པ་ཉམས་གསོ་བྱེད་ཡོད་པ་དང་།དེང་སྐབས་ཀྱི་ཁྱད་ཆོས་ལ་བསྟུན་ནས་གསར་སྤེལ་བྱེད་ཀྱང་ཡོད་ལ།གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་སྤེལ་གཏོང་འོས་པ་རེད།

2005ལོ་ནས2015ལོའི་བར།ཁུལ་རིག་གནས་ཁང་གིས་རྐང་འཛིན་མི་སྣ་ལ་ཐང་ཆེན་སྐོར་བྲོ་ཐེངས་མང་སློབ་པ་མ་ཟད།ད་དུང་རྐང་འཛིན་མི་སྣ་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ29རུ་ཁྱབ་སྤེལ་གཏོང་བར་སོང་ཡོད།མིག་སྔར།རང་ཁུལ་གྱི་མི་རིགས་དམངས་ཁྲོད་ཀྱི་ཐང་ཆེན་སྐོར་བྲོ་སྡེ་ཁུལ་དང་གྲོང་སྡེ།སློབ་གྲྭའི་ནང་དུ་ཁྱབ་སྤེལ་གཏོང་ཡོད་དེ། མི་རིགས་ཀྱི་ཐང་ཆེན་སྐོར་བྲོ་འཁྲབ་པ་ནི་མང་ཚོགས་ཀྱིས་ལུས་ཁམས་གསོ་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་ཆགས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།