ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་16ཉིན།ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་སྤུས་ཚད་ཞིབ་བཤེར་ཅུས།ཞིང་ཆེན་གཞུང་ལམ་ཅུས་བཅས་ཀྱི་འབྲེལ་ཡོད་མཁས་པས་སྒྲིག་འཛུགས་བྱེད་པའི་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་འབའ་ལུང་ནས་འཇོལ་རྫོང་བར་གཞུང་ལམ་གྱི་བཅོས་བཟོ་ཨར་ལས་དང་རྒྱལ་ཁབ་ལམ་ཐིག་214 སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ལ་ལམ་དུམ་བགོས་ནས་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་བྱས་པ།

ཚེས་15ཉིན།ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་《གཞུང་ལམ་ཨར་ལས་ཀྱི་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་བྱ་ཐབས་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཕྲ་ཞིབ་》ཀྱི་བླང་བྱར་གཞིགས་ནས།རྣམ་གྲངས་གཉིས་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་ཏེ།ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་གཞུང་ལམ་གཉིས་ཀྱི་སྤྱི་ཁོག་གི་བཀོད་སྒྲིག་ལུགས་དང་མཐུན་པ་དང་།ལམ་ངོས་ཀྱི་ཕྱོགས་བསྡུས་ཆུ་འབུད་ནུས་པ་ཚང་བ།ཨར་ལས་གྲུབ་པའི་དཔྱད་ཡིག་ཚང་བ་སོགས་ཀྱི་ངོས་འཛིན་བྱས་ཡོད།འབའ་ལུང་ནས་འཇོལ་རྫོང་བར་གཞུང་ལམ་གྱི་སྤྱི་ཁོག་ལག་རྩལ་གྱི་དམིགས་ཚད་དང་ཚད་གཞིའི་བླང་བྱ་དང་མཐུན་ཏེ།རྣམ་གྲངས་ཀྱི་སྤུས་ཚད་ཕྱོགས་བསྡུས་ལ་སྐར་མ་92.25ཡིན་པའི་དཔྱད་བསྡུར་གཏན་འབེབས་བྱས་པ་དང་།སྤུས་ཚད་རིམ་པ་ནི་ཚད་མཐུན་ཐོབ་པ།སེམས་ཀྱི་ཉི་ཟླ་ནས་འཇོལ་རྫོང་བར་གཞུང་ལམ་ལ་སྐར་མ་91.39ཐོབ་པ་དང་སྤུས་ཚད་རིམ་པ་ནི་ཚད་མཐུན་ཐོབ་པ། ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་རྣམ་གྲངས་ཁག་གཉིས་ཀྱི་ཨར་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པར་ཡིད་མཐུན་བྱུང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།