ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས་7ཉིན་ནས་ཚེས་9ཉིན་བར། ཡུན་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་དེ་ཁུན་མིན་དུ་འཚོགས་པ། བདེ་ཆེན་ཁུལ་གྱིས་འོས་སྦྱོར་བྱས་པའི་ནང་བསྟན་ལས་རིགས་ཀྱི་འཐུས་མི་30གྲོས་ཚོགས་སུ་ཞུགས་ཡོད། དེའི་ནང་དུ་མི་སྣ་13ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ལས་འཛིན་པར་འདེམས་བསྐོ་བྱས་པ་དང་། མི་6རྒྱུན་ལས་ལས་འཛིན་པར་འདེམས་བསྐོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཐེངས་བདུན་པའི་འཐུས་མིའི་གྲོས་ཚོགས་ཀྱི་འཐུས་མིའི་ཁྲོད་དུ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། རྫོང་(གྲོང་ཁྱེར)རིམ་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ཨུ། ནང་བསྟན་མཐུན་ཚོགས། དགོན་པའི་དོ་དམ་ཅུས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འོས་སྦྱོར་བྱས་པ་དང་། ཁུལ་རིམ་པའི་གཏན་འབེབས་དང་ཟུང་འབྲེལ་བྱས་ནས། ཁྱོན་བསྡོམས་ནང་བསྟན་ལས་རིགས་ཀྱི་སྤྲུལ་སྐུ་དང་བླ་ཆེན། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བའི་འཐུས་མི་30འོས་སྦྱོར་བྱས་ཤིང་། དེའི་ནང་དུ་མི་13ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ལས་འཛིན་པར་འདེམས་བསྐོ་བྱས་པ་དང་། མི་6རྒྱུན་ལས་ལས་འཛིན་པར་འདེམས་བསྐོ་བྱས་པ་རེད། དེའི་ནང་དུ། ཁུལ་སྲིད་གྲོས་ཀྱི་ཀུའུ་ཞི་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།དོན་གྲུབ་གླིང་གི་སྤྲུལ་སྐུ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སུམ་རྩེན་གླིང་སྤྲུལ་སྐུ་བུམ་གྲུབ་བློ་བཟང་རྒྱལ་མཚན། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ། རབ་རྒྱས་གླིང་གི་སྤྲུལ་སྐུ་རབ་བྱུང་དཀོན་མཆོག་བསྟན་འཛིན། སུམ་རྩེན་གླིང་གི་མཁན་པོ་རྒྱལ་མཚན་དཔལ་བཟང་བཅས་མི་4ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་འདེམས་བསྐོ་བྱས། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེན་པོ་ཧོ་ཀྲེ་དང་འཇོལ་རྫིང་སྤང་སྒང་དགོན་གྱི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཕགས་པ་རྡོ་རྗེ་བཅས་ལ་དྲུང་ཆེན་གཞོན་པར་འདེམས་བསྐོ་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།