ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐྱེ་དངོས་གསར་གཏོད་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་འདིའི་སྐྱེ་དངོས་ཐོན་ལས་ཤུགས་ཆེན་གྱིས་འཕེལ་རྒྱས་སུ་སོང་ཡོད་ལ། རིམ་བཞིན་སྣེ་འདྲེན་ཕན་འབྲས་མངོན་ཡོད་པ་རེད།

ད་ལོའི་ཚུན་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མཐོ་སྒང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྐུལ་འདེད་བྱས་ཏེ། 2015ལོར་རྫོང་ཡོངས་ཀྱི་དར་སྲིན་དང་རྒུན་འབྲུམ། མ་ཁཱ། སྨན་རྩྭ་སོགས་ཐོན་ལས་ལག་བསྟར་ཇུས་གཞིའི་བླང་བྱ་ལྟར། སྲིད་གཞུང་གིས་སྣེ་ཁྲིད་ནས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་སྐུལ་འདེད་འགོ་ཁྲིད་ཚོ་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྩ་འཛུགས་དང་སྣེ་ཁྲིད་བྱེད་པར་འགན་ཁུར་བ་རེད། དོན་དངོས་ཀྱིས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་གྱི་ཆེད་སྤྱོད་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ་དང་། གཞི་རྩའི་སྒྲིག་གཞི་འཛུགས་སྐྲུན་དང་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་པ་རེད། མིག་སྔའི་བར་དུ། སྐྱེ་དངོས་ཐོན་ལས་སམ་ཡང་ན་ཞིང་ལས་ཐོན་ལས་གང་ཡིན་རུང་སྔར་བྱུང་མེད་པའི་རྣམ་པ་གསར་བ་ཆགས་ཡོད། རིགས་སོ་སོའི་དཔལ་འབྱོར་དམིགས་ཚད་ནི་ན་ནིང་གི་དུས་མཚུངས་ལས་ཚད་མཐོ་པོ་འཕར་ཡོད་པས། དོན་དངོས་ཀྱིས་ཏང་ཨུ་སྲིད་གཞུང་གིས་མཐོ་སྒང་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་ཐད་ཀྱི་གཙིགས་ཆེན་དང་རོགས་སྐྱོར་བྱེད་ཤུགས་མཚོན་པར་བྱས་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྱེ་དངོས་ཐོན་ལས་ཀྱི་བསྡོམས་རྩིས་སྔོན་བསྒྲགས་ལྟར་ན། 2015ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྱེ་དངོས་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་ཚད་ནི་སྒོར་དུང་ཕྱུར15.25ཡིན་ལ། དུས་མཚུངས་ལས16.77%འཕར་ཡོད། འདིའི་ཁྲོད་ཞིང་ལས་ཐོན་ཚད་ནི་སྒོར་དུང་ཕྱུར6.95ཡིན་ལ་དུས་མཚུངས་ལས8.59%འཕར་ཡོད། བཟོ་ལས་ཐོན་ཚད་ནི་སྒོར་དུང་ཕྱུར8.3ཡིན་ལ་དུས་མཚུངས་ལས24.6%འཕར་ཡོད། སྐྱེ་དངོས་ཐོན་རྫས་ཀྱི་བྲིན་ཚོང་ཚད་ནི་སྒོར་དུང་ཕྱུར་8.95ཡིན་ལ་དུས་མཚུངས་ལས18.1%འཕར་ཡོད། དཔྱ་ཁྲལ་སྒོར་ཁྲི2930བསྡུ་བས་ན་ནིང་གི་དུས་མཚུངས་ལས12.8%འཕར་ཡོད། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར1.2བཏང་ཞིང་ན་ནིང་དུས་མཚུངས་ལས18.8%འཕར་ཡོད། མཱ་ཁ་རྟེན་གཞིའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར0.6771བཏང་ཡོད་ལ། བཅད་གྲངས་ལས41%ཚད་བརྒལ་ལེགས་འགྲུབ་བྱུང་བ། ཚོང་དང་མ་རྩ་འདྲེན་འགུགས་ཐད་དོན་དངོས་སུ་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར0.4ཡོད་ལ། ན་ནིང་དུས་མཚུངས་ལས54%འཕར་ཡོད་པ་རེད།

2015ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མ་ཁཱའི་རྟེན་གཞི་མུའུ30522བཙུགས་ཡོད་ལ། ཟླ1པོ་ནས་ཟླ12པའི་བར་མ་གཏོང་སྒོར་ཁྲི6771ལེགས་འགྲུབ་བྱུང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།

བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ལོ་སར་སྐབས་ཀྱི་འཚམས་འདྲི་བྱ་འགུལ་སྤེལ་བ།

སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས10905སྣེ་ལེན་བྱས་ཏེ་ཟིན་ཐོ་གསར་བ་སྐྲུན།

ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་བདེ་ཆེན་ཁུལ་དུ་འཚམས་འདྲི་ཕེབས་པ།

ཡུན་ནན་ཡུས་ལིང་ས་ཁུལ་དུ་ས་འགུལ་བྱུང་བ་ལས་ཀོས་ཀྲུག་ཞིང་ཆེན་པའེ་ཧ་གྲོང་ཁྱེར་གྱི་མང་ཚོགས་ཁྲི2.8ལ་གནོད་འཚེ་ཐེབས།

སེམས་ཀྱི་ཉི་ཟླ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཏེ་པོ་ཏ་མཚེའུ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པས་ཐའེ་བན་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་བཞིན་ཡོད་པ།

ཧྲང་ཧེ་ཏང་སྲིད་འཐུས་ཚབ་ཚོགས་པས་བདེ་ཆེན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ།