ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་ལ་འགན་སྲུང་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནད་འཕིགས་དབུལ་སྐྱོར་ལས་དོན་རྒྱ་ཆེར་སྤེལ་བ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཧུར་ཐག་སྒོས་ཞིང་པའི“སྨན་པ་སྟོན་དཀའ་བ་དང་ནད་བཅོས་རིན་གོང་མཐོ་བ”སོགས་ཀྱི་ནུས་ལྡན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད་ཅིང་། གནད་འཕིགས་དབུལ་ཐར་གྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཟབ་ནན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། 

ཟླ8པའི་ཟླ་མཇུག་ཏུ། ཞིང་ལས་མང་ཚོགས་མཉམ་ལས་སྨན་བཅོས་སུ་ཞུགས་འོས་པའི་མི་གྲངས112048ཡིན་ལ། དོན་དངོས་སུ་མི་གྲངས111782ཞུགས། མཉམ་ལས་སྨན་བཅོས་སུ་ཞུགས་ཚད99.76%ཟིན། བསྡོམས་པས་མ་དངུལ་སྒོར་ཁྲི7559.23གྲབས་གསོག་བྱས་ཞིང་། དེའི་ཁྲོད་དམའ་སྲུང་ཁྱིམ་ཚང་དང་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་ལ་དམངས་སྲིད་དང་། འཆར་ལྡན་བུ་སྐྱེས་སྡེ་ཁག་གིས་གཏན་ཁེལ་གྲངས་ཀ་ཚང་མ་སྤྲོད་རོགས་བྱས།  ཟླ1པོ་ནས9པའི་བར་དུ་སྒོ་བསྟེན་མི་ཐེངས170928ཆག་ཡང་དུ་བཏང་བ་དང་། གསར་དར་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་ཆག་ཡང་དུ་བཏང་བའི་སྒོར་གྲངས་ཁྲི490.83ཡིན་ལ། མི་རེར་ཆ་སྙོམས་ཀྱི་སྒོར28.72ཆག་ཡང་དུ་བཏང་། སྨན་ཁང་དུ་ཞག་སྡོད་བྱེད་པའི་མི་ཐེངས9863ལ་ཁ་གསབ་བྱས་པ་དང་། གསར་དར་མཉམ་ལས་སྨན་བཅོས་ཀྱི་ཆག་ཡང་དུ་བཏང་བའི་སྒོར་གྲངས་ཁྲི2971.61ཡིན་ལ། མི་རེར་ཆ་སྙོམས་ཀྱི་སྒོར3012.88ཆག་ཡང་དུ་བཏང་། སྨན་ཁང་དུ་ཞག་སྡོད་བྱས་ནས་ཕྲུ་གུ་སྐྱེ་བའི་མི་ཐེངས666ཡོད་ལ། གསར་དར་མཉམ་ལས་སྨན་བཅོས་ཀྱི་ཆག་ཡང་དུ་བཏང་བའི་སྒོར་གྲངས་ཁྲི88.5ཟིན། མི་རེར་ཆ་སྙོམས་ཀྱི་སྒོར1328.8ཆག་ཡང་དུ་བཏང་ཡོད། ས་ཁོངས་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་ཞག་སྡོད་བྱས་པའི་འགྲོ་གྲོན་གཅིག་གྱུར་འཆར་འགོད་བྱས་ན་སྒོར་ཁྲི2225.39ཡོད་པ་དང་། ཁ་གསབ་མ་དངུལ་སྒོར་ཁྲི1780.39ཟིན། རིན་སྤྲོད་པའི་སྡུར་ཚད80%ལ་སླེབས་ལ། དེ་གྲབས་གསོག་བྱས་པའི་མ་དངུལ་བེད་སྤྱོད་བྱེད་ཚད56.04%ཟིན། 

“ནད་གཞི་ཆེ་རིགས་ལ་ཁ་གསབ་རྒྱག་རྒྱུ་གཙོ་བོ་དང་། ན་ཚ་ཆུང་ཆུང་ལ་གུན་གསབ་བྱེད་པ་རམ་འདེགས་བྱེད་པའི”རྩ་དོན་གཞིར་བཟུང་ནས། ཟླ9པའི་ཟླ་མཇུག་གི་ཚུན་དུ་སྨྱོ་ནད་སྒོ་བསྟེན་སྨན་ཁང་གི་ནད་པ་མི་ཐེངས483ཡོད་པ་དང་། ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི17.6གནང་། སྨན་ཁང་དུ་ཞག་སྡོད་བྱེད་པའི་ནད་པ་མི་ཐེངས24ཡོད་པ་དང་། ཁ་གསབ་ཀྱི་དངུལ་གྲངས་སྒོར་ཁྲི15.75གནང་། གསར་དར་མཉམ་ལས་སྨན་བཅོས་ཀྱི་ནད་གཞི་ལྕི་པོའི་འགན་བཅོལ་ལས་སྒྲུབ་བྱ་རྒྱུའི་ཚད་དང་མཐུན་པའི་མི556ཡོད་ལ། ཁ་གསབ་མ་དངུལ་སྒོར་ཁྲི245.16གནང་། གསར་དར་མཉམ་ལས་སྨན་བཅོས་ཀྱི་ནད་གཞི་ཚབས་ལྕིའི་རིགས་དང་མཐུན་པའི་འགན་བཅོལ་སྒྲུབ་མཁན་མི261ཡོད་པ་དང་། ཁ་གསབ་མ་དངུལ་སྒོར་ཁྲི119.75བཅས་གནང་བ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།