ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་འཐུས་མིའི་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

148281198043118.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་འཐུས་མིའི་ཚོགས་ཆེན་གྱི་གྲོས་རིམ་ཁག་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་ཡུན་ནན་ཧའེ་ཀེང་ཚོགས་ཁང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།

བློ་མཐུན་ཁྲེན་ཧའོ་ཡིས་ཚོགས་ཆེན་མཇུག་སྒྲིལ་བར་གཙོ་སྐྱོང་གནང་ཞིང་གསུང་བཤད་གལ་ཆེན་གནང་ཡོད།   《ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་འཐུས་མིའི་ཚོགས་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད》དང་《ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་འཐུས་མིའི་ཚོགས་ཆེན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་རེད། 

ཟླ12པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་ཡུན་ནན་ཧའེ་ཀེང་ཚོགས་ཁང་ནས་འཚོགས་ཤིང་།   གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི།  ཧྲུའུ་ཅི་གཞོན་པ་སོགས་བདམས་ཐོན་བྱུང་བ་རེད།

148281200267106.jpg

བློ་མཐུན་ཁྲེན་ཧའོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་།གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས》ལ་གྲོས་འཆམ་བྱུང་ནས།  ཁྲེན་ཧའོ་དང་རོན་ཁྲེང་ཧྥ།   ལི་ཞིའུ་ལིང་།  ཀྲའོ་ཅིན། ཀྲང་ཧྲུའོ་ཧྥུ།   ཁྲེང་ལེན་ཡོན།  ལི་ཞའོ་སན། ལི་དབྱི་ཧྥེ།   ལིའུ་ཧོས་ཡན།  ཀྲང་ཐའེ་ཡོན།  དབྱང་ཉིང་།  ལི་ཝུན་རོང་བཅས་ཞིང་ཨུའི་རྒྱུན་ཨུ་ལ་བདམས་པ་དང་།   ཁྲེན་ཧའོ་ཞིང་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་།  རོན་ཁྲེང་ཧྥ་དང་ལི་ཞིའུ་ལིང་གཉིས་ཞིང་ཨུའི་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་རེད།

གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོའི་མཇུག་འབྲས་ལ་གྲོས་འཆམ་བྱུང་ཞིང་།  གསར་དུ་བདམས་ཐོན་བྱུང་བའི་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་ཡིས་གྲོས་ཚོགས་ཐོག་གཏམ་བཤད་གནང་བ་རེད།  

ཡང་ཉིན་དེའི་ཕྱི་དྲོར།  ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་འཐུས་མི་ཚོགས་ཆེན་ཁྲོད་བདམས་ཐོན་བྱུང་བའི་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་སྒྲིག་ཨུས་ཁུན་མིང་གྲོང་ཁྱེར་ནས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་།  གྲོས་ཚོགས་ཐོག་ཀྲང་ཧྲུའོ་ཧྥུ་ནི་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་སྒྲིག་ཨུའི་ཧྲུའུ་ཅི་དང་།   སུན་ཆིང་ཡིའུ་དང་ཁུང་རོང་ཧྭ།  ལི་ཅི་ཁྲེང་། ཝང་ཡུས་བཅས་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ་མ་ཟད།  《ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་བའི་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་བ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།