ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་ཁུལ་གྱིས《ཐྰན་ཉུང་འཕེལ་རྒྱས་ཀྱི་འཆར་འགོད》བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས《བདེ་ཆེན་ཁུལ་གྱི“ལོ་ལྔའི་ཚན་བཅུ་གསུམ་པར”ཐྰན་ཉུང་འཕེལ་རྒྱས་ཀྱི་འཆར་འགོད(2016-2020ལོ)》ཅེས་པའི་བརྡ་སྦྱོར(བསྡུས་མིང་ལ《འཆར་འགོད》)དཔར་འགྲེམ་བྱས་པ་དང་། 《འཆར་འགོད》དེའི་གཞི་འཛིན་ས་ནི2015ལོ་དང་འཆར་འགོད་བྱེད་པའི་དུས་ནི2016ལོ་ནས2020ལོའི་བར་ཡིན། 《འཆར་འགོད》ཀྱིས་ཐན་ཉུང་འཕེལ་རྒྱས་ཀྱི་གཙོ་ཐིག་འདི་དམ་པོར་བཟུང་ནས་གཙོ་བོ་བདེ་ཆེན་ཁུལ་གྱི་ཐྰན་ཉུང་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། སྤྱིའི་དམིགས་འབེན། ལས་འགན་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་བཅས་གསལ་བོར་འགྲེལ་བཤད་བྱས་ཏེ། བདེ་ཆེན་ཁུལ་གྱི་ཐྰན་ཉུང་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་བྱེད་ཐབས་གསལ་བོ་བྱས་ཡོད།

གཞི་རྩའི་རྩ་དོན་ནི་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་འབུར་དུ་ཐོན་པ་རྒྱུན་འཁྱོངས་བྱས་ནས་དཔེ་སྟོན་ཁུལ་གྱིས་བདེ་ཆེན་ཁུལ་གྱི་ཐན་ཉུང་འཕེལ་རྒྱས་ལ་སྣེ་འཁྲིད་བྱེད་པ། ཚན་རིག་གིས་སྔོན་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལམ་ལུགས་གསར་སྐྲུན་བྱེད་པ། སྲིད་གཞུང་གིས་སྣེ་འཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྲོམ་རར་སྐུལ་སྤེལ་གཏོང་བ། སྲིད་གཞུང་གི་རྩ་འཛུགས་དང་། སྐུལ་འདེད། སྣེ་ཁྲིད། ལྟ་སྐུལ་དོ་དམ་བཅས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་ཐན་ཉུང་འཕེལ་རྒྱས་ཀྱི་བྱ་བའི་ཐད་གཏོང་བའི་ནུས་ཚད་ཇེ་རུ་བཏང་ནས་ཐན་ཉུང་སྣེ་འཁྲིད་ཆེད་དམིགས་ཐེབས་རྩ་བཙུགས་ནས་ནུས་ལྡན་གྱི་སྐུལ་སློབ་ལམ་ལུགས་གྲུབ་པར་བྱེད་པ། ཁྲོམ་རའི་བཀོད་སྒྲིག་ཐོན་ཁུངས་ཀྱི་རྨང་གཞིའི་ནུས་པ་བཏོན་ནས་ཁེ་ལས་དང་། མང་ཚོགས། སྤྱི་ཚོགས་ཀྱི་ནུས་ཤུགས་ནང་དུ་ཞུགས་པར་སྐུལ་སློང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐན་ཉུང་འཕེལ་རྒྱས་ལ་ནུས་ཤུགས་མཉམ་འདོན་བྱེད་པའི་རྣམ་པ་གྲུབ་པར་བྱེད་པ།

སྤྱི་དམིགས་ཡུལ་ནི2020ལོར་སླེབས་པ་ན་ལག་རྩལ་གྱི་མ་ལག་རགས་ཙམ་བཙུགས་ཡོད་པ་དང་། ཐན་ཉུང་ཚད་གཞི་དང་། ལག་རྩལ་འཆར་འགོད་རིམ་བཞིན་འཐུས་ཚང་དུ་འགྲོ་བ། འོད་ཤུགས་གློག་འདོན་དང་། སྐྱེ་དངོས་ནུས་པ་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་བ། སྲ་གཟུགས་ཀྱི་ཐྰན་སོགས་ཐན་ཉུང་ལག་རྩལ་ནང་འདྲེན་བྱེད་པ། ཐྰན་ཉུང་ལག་རྩལ་གསར་སྐྲུན་ཞིབ་འཇུག་གི་སྟེགས་བུ་འཛུགས་སྐྲུན་བྱས་ནས་དབྱང་གཉིས་ཐྰན་རྫས་ཕྱིར་འབུད་པའི་ཚད2015ལོ་དང་བསྡུར10%ཡན་མར་འགྲིམ་བྱེད་པ། འགྱུར་རྡོ་མིན་པའི་ཐོན་ཁུངས་གིས་ཐེངས་གཅིག་ཐོན་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད50%ཡས་མང་ལ་སླེབས་པ་ཟིན་དགོས། སྡོད་ཁུལ་དུ་ཐྰན་ཉུང་སློབ་གསོ་དྲིལ་བསྒྲགས་བྱས་ཏེ་ཁྱབ་གདལ་དུ་བཏང་བའི་ཚད80%ལ་སླེབས་ན། སྤྱི་དམངས་ཀྱིས་ཐྰན་ཉུང་འཚད་སྤྱོད་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཡོངས་ཁྱབ་སྒོས་ཇེ་དྲག་ཏུ་གཏོང་བ་དེ་ཡིན། 

ལས་འགན་གཙོ་བོ་ནི་གཅིག་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་ལྗང་མདོག་ཐྰན་ཉུང་གི་ཐོན་ལས་མ་ལག་བསྐྲུན་པ། གཉིས་ནི་ནུས་ཁུངས་སྒྲིག་གཞི་ལེགས་སྒྲིག་བྱས་ནས་ཐྰན་ཉུང་ནུས་ཁུངས་འཛད་སྤྱོད་ཀྱི་མ་ལག་འཛུགས་སྐྲུན་བྱེད་པ། གསུམ་ནི་ནུས་ཁུངས་གྲོན་ཆུང་དུ་གཏོང་བ་ལ་ཤུགས་བསྣན་ནས་དྲོད་ཁང་གི་རླུང་གཟུགས་ཕྱིར་འབུད་པར་ཚོད་འཛིན་བྱེད་པ། བཞི་ནི་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་ནས་ནགས་ཚལ་གྱི་ཐྰན་འདུས་ནུས་ཇེ་དྲག་ཏུ་གཏོང་བ། ལྔ་ནི་ཧུར་ཐག་གིས་ཐྰན་ཉུང་ཤང་གྲོང་འཛུགས་སྐྲུན་དང་ཐྰན་ཉུང་འཚོ་བ་དར་སྤེལ་ལ་སྐུལ་འདེད་བཏང་ནས་ཐྰན་ཉུང་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་པ་བཅས་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།