ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་བདེ་ཆེན་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་རྩིས་ལྟར་ས་གནས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང(GDP)སྒོར་དུར་ཕྱུར71.01ལེགས་གྲུབ་བྱས་ཤིང་། འགྱུར་མེད་རིན་གོང་གིས་རྩིས་ན། དུས་མཉམ་ལས8.2%འཕར་བ་དང་། ཐོན་ལས་དང་པོར་འཕར་གྲངས་སྒོར་དུང་ཕྱུར3.23ལེགས་གྲུབ་བྱས་པ་དང5.0%འཕར། ཐོན་ལས་གཉིས་པར་འཕར་གྲངས་སྒོར་དུང་ཕྱུར23.19ལེགས་གྲུབ་བྱུང་བ་དང19.6%འཕར་བ། ཐོན་ལས་གསུམ་པས་འཕར་གྲངས་སྒོར་དུང་ཕྱུར44.59ལེགས་གྲུབ་བྱས་པ་དང3.0%འཕར་བ། ཐེངས་གསུམ་ཀྱི་ཐོན་ལས་ཀྱི་འཕར་གྲངས་ཀྱིGDPཡི་བསྡུར་ཚད་ནི4.55﹕32.66﹕63.79ཟིན་པ། 

ཞིང་ལས་ཐོན་སྐྱེད་ཀྱི་གནས་བབ་བརྟན་བརླིང་བྱུང་བ། ལོ་སྟོད་དུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལྟར་ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་ཐོན་སྐྱེད་སྤྱི་གྲངས་སྒོར་དུང་ཕྱུར5.86ལེགས་གྲུབ་བྱུང་བ།འགྱུར་མེད་རིན་གོང་གིས་རྩིས་ན། དུས་མཉམ་ལས5.2%འཕར་བ། ཞིང་ནགས་འབྲོག་ཉའི་ཞབས་འདེགས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར0.71ཟིན་པ་དང་། དུས་མཉམ་ལས5.2%འཕར་བ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན51081ཟིན་པ་དང་། སྔ་ལོ་དང་འདྲ་བ། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན16982ཟིན་པ་དང་། དུས་མཉམ་ལས4.1%འཕར་ཡོད།

རྒྱ་ཁྱོན་ཡན་གྱི་བཟོ་ལས་མགྱོགས་པོར་འཕར་བ། ལོ་སྟོད་དུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལྟར་རྒྱ་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར17.1ལེགས་གྲུབ་བྱས་པ་དང་།དུས་མཉམ་ལས29.9%འཕར་བ། རྒྱ་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་གྲངས་སྒོར་དུང་ཕྱུར7.06མངོན་འགྱུར་བྱུང་བ་དང་། དུས་མཉམ་ལས28.7%འཕར་ཡོད།

དངུལ་འཇོག་འཕར་ཚུལ་དལ་ལྷོད་དུ་ཕྱིན་བ། ལོ་སྟོད་དུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལྟར་སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་སྒོར་དུང་ཕྱུར98.83ལེགས་གྲུབ་བྱས་ཏེ། དུས་མཉམ་ལས21.13%འཕར་ཡོད།

འཛད་རྫས་ཚོང་ར་བརྟན་པོས་འཁོར་སྐྱོད་བྱས་པ། ལོ་སྟོད་དུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལྟར་སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་སྤྱི་གྲངས་སྒོར་དུང་ཕྱུར23.31ལེགས་གྲུབ་བྱུང་བ་དང་དུས་མཉམ་ལས12.2%འཕར་ཡོད།

ནོར་སྲིད་ཀྱི་ཡོང་འབབ་སྔོན་དཔག་ལས་ཡག་པོ་བྱུང་བ། ལོ་སྟོད་དུ་བསྡོམས་རྩིས་ལྟར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར8.65ཟིན་པ་དང26.68%འཕར་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར58.45ལེགས་གྲུབ་བྱུང་བ་དང་དུས་མཉམ་ལས12.17%འཕར་ཡོད།

དངུལ་རྩའི་འཁོར་སྐྱོད་ཀྱིས་བརྟན་བརླིང་རྒྱུན་འཁྱོངས་བྱས་པ། ཟླ6པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར305.83ཟིན་པ་དང་དུས་མཉམ་ལས4.98%འཕར་བ། ཁུལ་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར202.61ཟིན་པ་དང་དུས་མཉམ་ལས18.68%འཕར་ཡོད།

ཡུལ་སྐོར་གྱི་དཔལ་འབྱོར་མགྱོགས་པོའི་ངང་འཕར་བ། ཟླ1པོ་ནས་ཟླ6པའི་བར་ཏུ་ཁུལ་ཡོངས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི898.18སྣེ་ལེན་བྱས་པ་དང་དུས་མཉམ་ལས26.2%འཕར་བ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར93.52ལེགས་གྲུབ་བྱུང་བ་དང་དུས་མཉམ་ལས34.32%འཕར་ཏེ། ཡུལ་སྐོར་གྱི་ཕྱི་རྒྱལ་གྱི་དངུལ་འགྲུལ་ཨ་སྒོར་དུང་ཕྱུར2.62ཟིན་ཡོད།

གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། ལོ་སྟོད་དུ་གྲོང་ཁྱེར་གྱི་རྒྱུན་སྡོད་སྡོད་དམངས་རེ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར13324ཟིན་པ་དང་དུས་མཉམ་ལས9%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་སྡོད་དམངས་རེ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར2876ཟིན་པ་དང་དུས་མཉམ་ལས10.1%འཕར་ཡོད།

དངོས་ཟོག་གི་གོང་ཚད་ཅུང་འཕར་བ། ལོ་སྟོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་བསྡོམས་རྩིས་ལྟར1.7%འཕར་བ། ཁུལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་བཟོ་གྲྭ་ལས་ཐོན་པའི་རིན་གོང་དུས་མཉམ་ལས7.0%འཕར་ཡོད།

ཐོན་ཁུངས་ཀྱི་ཐོན་སྐྱེད་འཛད་སྤྱོད་དུས་མཉམ་ལས་མཐོ་རུ་འཕར་བ། ལོ་སྟོད་དུ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལྟར་སྤྱི་ཚོགས་ཡོངས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར16.31ཟིན་པ་དང་དུས་མཉམ་ལས11.8%འཕར་བ། ཁུལ་ཡོངས་ཀྱི་སྤྱི་ཚོགས་ཡོངས་ཀྱིས་གློག་འདོན་སྤྱོད་ཚད་སྟོང་ཝ་དུང་ཕྱུར5.06ཟིན་པ་དང་དུས་མཉམ་ལས31.7%འཕར་བ།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།