ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱིས་ཁ་བ་དཀར་པོར་རྐང་ཐང་མར་སྐྱོད་པ་སོགས་ཀྱི་ལུས་རྩལ་ཡུལ་སྐོར་གྱི་མིང་བྱང་བཏོད་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་དྲ་བ།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

150233063876395.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་ཡུན་ནན་གྱིས་ཡུལ་སྐོར་ཐོན་ལས་གང་མགྱོགས་རིམ་སྤོར་བྱེད་པའི་གོ་སྐབས་ལ་བརྟེན་ནས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་རྩེར་སོན་གྱི་ལུས་རྩལ་འགྲན་བསྡུར་དང་སྦྲེལ་མཐུད་བྱས་ནས། ཁྱད་ཆོས་མངོན་གསལ་དོད་པའི་ལུས་རྩལ་ཡུལ་སྐོར་གྱི་མིང་བྱང་ཁག་གཅིག་སྔ་རྗེས་སུ་ཁྱབ་གདལ་བཏང་བ་རེད།

ཡུན་རིང་མ་སོང་གོང་ཡུན་ནན་བདེ་ཆེན་གྱི་ཁ་བ་དཀར་པོ་དང་ཚོན་མདོག་རྣམ་པར་བཀྲ་བའི་ཡུན་ནན་གྱི་ཀོ་ལན་ཧྥུན་ཏུའོ་ཡི་རྒྱལ་སྤྱིའི་རྐང་འཁོར་དུས་ཆེན་དེ“རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི”དང“རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་རྩེར་སོན་འགྲན་བསྡུར”ནང་བཅུག་ཡོད། དེའི་ནང་ཁ་བ་དཀར་པོ་དེ་ཡུན་ནན་བདེ་ཆེན་རྫོང་དང་བོད་ལྗོངས་རྫ་ཡུལ་རྫོང་གི་ས་མཚམས་སུ་གནས་ཡོད་ཅིང་། དེར་ཕྱི་ཕྱོགས་ཀྱིས“རྐང་ཐང་མར་སྐྱོད་མཁན་གྱི་ཞིང་ཁམས”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།

ཉེ་ཆར་བདེ་ཆེན་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་དེ་གས“རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི”འཛུགས་པའི་ལེགས་ཆར་བརྟེན་ཏེ་ས་མཐོའི་གངས་རིའི་ཡུལ་ལྗོངས་ཀྱི་ཐོན་ཁུངས་མགྱོགས་མྱུར་བསྡུ་སྒྲིལ་བྱས་ཏེ་གངས་རི་དང་། སྤང་ལྗོངས། ནགས་ཚལ། འཁྱགས་རོམ། རྦབ་ཆུ། མཚེའུ་སོགས་རང་བྱུང་མཛེས་ལྗོངས་གཅིག་ཏུ་འདུས་པའི་རྐང་ཐང་མར་གནས་མཇལ་དུ་སྐྱོད་པའི་ལམ་ཐིག་རྩེ་གྲ་སྔར་བས་མང་བ་ཞིབ་འཇུག་བྱས་ནས་གཏོད་རྒྱུ་རེད་ཅེས་བཤད།

ས་གནས་དེས་ད་དུང་ཁ་བ་དཀར་པོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁ་བ་དཀར་པོའི་རི་འཛེག་རྣམ་གྲངས་དང་། “གེ་སར་བུམ་པའི”མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སོགས་ཚད་ལྡན་དུ་གཏོང་བ་དང་རིམ་སྤོར་བྱས་ནས་འགྲན་བསྡུར་དང་རྣམ་གྲངས་ཐད་སྤུས་རྟགས་ཀྱི་ཕན་འབྲས་ཐོན་གང་ཐུབ་བྱ་རྒྱུ་རེད།

ཡུན་ནན་གྱི་ལུས་རྩལ་ཡུལ་སྐོར་གྱི་མིང་བྱང་ཡིན་པའི་ངོས་ནས་རིགས་ཁག་གི་རྐང་འཁོར་འགྲན་བསྡུར་དར་བཞིན་ཡོད་པ་རེད། ཡུན་ནན་ཞིང་ཆེན་གྱི་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཅན་ཧྥུང་གིས་ངོ་སྤྲོད་བྱས་པར། “ཚོན་མདོག་རྣམ་པར་བཀྲ་བའི་ཡུན་ནན་ཀོ་ལན་ཧྥུན་ཏུའོ་རྒྱལ་སྤྱིའི་རྐང་འཁོར་དུས་ཆེན”ཇུས་འགོད་བྱེད་དོན་ནི་ཡུན་ནན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་ལུས་རྩལ་ཡུལ་སྐོར་བཏོད་དེ་རྐང་འཁོར་བཞོན་རྒྱུ་དེ་ལུས་རྩལ་གྱི་སྤྲོ་གསེང་བྱེད་སྟངས་སུ་བསྒྱུར་ནས་དམངས་ཡོངས་ལ་ལུས་སྦྱོང་གི་ཚ་རླབས་ཤིག་འཕྱུར་རྒྱུའི་སྣེ་ཁྲིད་ཀྱིས་ཡུན་ནན་གྱི་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་བར་བྱ་རྒྱུ་དེ་རེད།

མིག་སྔར། “ཚོན་མདོག་རྣམ་པར་བཀྲ་བའི་ཡུན་ནན་ཀོ་ལན་ཧྥུན་ཏུའོ་ཡི་རྐང་འཁོར་དུས་ཆེན”གྱིས་སྣེ་ཁྲིད་བྱས་པའི“ཀྲུང་འབར་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་དང་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན”དང་ཧུང་ཧོ་སྐས་ཞིང་རྐང་འཁོར་འགྲན་བསྡུར་སོགས་ཡུན་ནན་དུ་གང་སར་ཁྱབ་ནས་སྤུས་རྟགས་ཀྱི་ཁྱད་ཆོས་ལྡན་པའི་ཡུན་ནན་གྱི་རྐང་འཁོར་འགྲན་ཚོགས་ཤིག་རིམ་བཞིན་ཆགས་ཡོད་པ་རེད།

གཞན་ཡང་། ཧྥུའུ་ཨར་གྲོང་ཁྱེར་གྱིས་ཉིན་ཤས་གོང་ད་དུང་ཞིང་ཆེན་ནང་ཁོངས་དང་ཕྱི་རོལ་གྱི་ལུས་རྩལ་ཐོན་ཁུངས་སྤྱད་དེ“ཧྥུའུ་ཨར་མ་ལ་སུང་རྒྱང་རྒྱུག”འགྲན་བསྡུར་གྱི་མིང་རྟགས་འགོད་རྒྱུ་ལེགས་སྒྲུབ་ཟིན་ཡོད་ཅིང་། སྐབས་དང་པོའི་ཧྥུའུ་ཨར་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་འདི་ལོའི་ལོ་མཇུག་ཏུ་འགོ་འཛུགས་རྒྱུ་ཡིན་ཞིང་། ས་གནས་དེ་གས་ཚ་གྲང་སྙོམས་པའི་དགུན་ཁའི་གནམ་གཤིས་དང་ནགས་ཚལ་ཁྱབ་ཚད་ཆེ་བ་སོགས་ཀྱི་རང་བྱུང་ལེགས་ཆར་བརྟེན་ཏེ་རྒྱལ་ཁབ་ཕྱི་ནང་གི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ལ་དགའ་པོ་ཡོད་མཁན་མང་པོ་ཞིག་འགྲན་བསྡུར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།