ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ཀླུ་ཆུ་སྤྱི་གླིང་གི་དཔྱིད་ཀའི་མཛེས་ལྗོངས།

ཡོང་ཁུངས། : ཁམས་པའི་དྲ་བ།     སྤེལ་དུས། : 2019-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀླུ་ཆུ་སྤྱི་གླིང་ནི་སེམས་ཀྱི་ཟླའི་གྲོང་ཁུལ་དུ་ཡོད་ལ། གྲོང་མི་རྣམས་ཀྱི་དུས་རྒྱུན་གླིང་ག་གཏོང་སའི་གནས་གཙོ་བོ་དེ་ཡིན་པ་རེད། ཉེ་ཆར། བདེ་ཆེན་མཐོ་སྒང་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་ཡོང་ལ། རི་ལུང་ཀུན་གྱི་རྩི་ཤིང་སྣ་བརྒྱར་ཚེ་སྲོག་གི་མྱུ་གུ་གསར་བ་འབུས་བཞིན་ཡོད་པ་རེད། ཀླུ་ཆུ་སྤྱི་གླིང་ཡང་དེ་ལས་མ་འདས་པར་དཔྱིད་ཀའི་མཛེས་ཉམས་ཤིག་གིས་ཁེངས་ཡོད་དེ། དྲོད་འཇམ་གྱི་དཔྱིད་རླུང་ཁྲོད་ན་མེ་ཏོག་སྣ་བརྒྱའི་དྲི་བསུང་ཕྱོགས་བཞིར་མཆེད་བཞིན་ཡོད་ལ། རྒྱ་ལྕང་གི་ཡལ་ག་ཁྲོམ་ཁྲོམ་བར་ན་གླིང་ག་གཏོང་བའི་གྲོང་མི་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་བཞིན་ཡོད།

གླིང་གའི་གྲུ་ག་སོ་སོ་ན་ལུག་མིག་མེ་ཏོག་དང་སྟག་མའི་མེ་ཏོག ཁམ་བུའི་མེ་ཏོག ཁུར་མོང་མེ་ཏོག དེ་མིན་མིང་མི་ཐོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་འདབ་བརྒྱ་གྲོལ་ནས་འཛུམ་གྱིས་བཞད་ཡོད་ལ།ཀྱ་ཀྱུར་འབབ་པའི་ཀླུ་ཆུའི་ནང་གི་ཉ་མོའི་ཁྱུ་ཚོགས་ཀྱིས་ཀྱང་རྐྱལ་རྩལ་ངོམ་བཞིན་ཉི་འོད་ཀྱི་འཁྲུས་ལ་རོལ་བཞིན་ཡོད་དེ། འདི་ཡང་གླིང་ག་འདིའི་མཛེས་སྡུག་དང་སྤྲོ་སྣང་གཞན་ཞིག་ཡིན་པ་ཐེ་ཚོམ་མེད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།