ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དམའ་འབྲིང་རིམ་པའི་མཚན་གནས་རྒྱུགས་ལེན་སྐབས་གཉིས་པ་འགོ་ཚུགས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

སྐུལ་སློང་ཚོགས་འདུའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་ཡུན་ནན་ཞིང་ཆེན་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་དམའ་རིམ་འབྲིང་རིམ་པའི་མཚན་གནས་རྒྱུགས་ལེན་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། 

ཚོགས་འདུའི་ཐོག་བསྟན་དོན།བོད་བརྒྱུད་ནང་བསྟན་གྱི་དམའ་འབྲིང་རིམ་པའི་མཚན་གནས་རྒྱུགས་ལེན་སྒྲིག་འཛུགས་བྱ་རྒྱུ་ནི་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་།བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གསོ་སྐྱོང་ལ་སྐུལ་འདེད་གཏོང་བ།དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་མཚན་གནས་ལམ་ལུགས་འཛུགས་པ།བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།

2.jpg

གཏམ་བཤད་ལ་ཉན་ཡོད་པའི་གྲྭ་མང་།

ཡུན་ནན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་དམའ་འབྲིང་རིམ་པའི་མཚན་གནས་རྒྱུགས་ལེན་གྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་།ཆབ་སྲིད་ཀྱི་རྒྱུགས་ལེན་དང་ནང་བསྟན་གྱི་རྒྱུགས་ལེན་ཟུང་འབྲེལ་དང་།གཞུང་རྩོད་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྒྱུགས་སྤྲོད་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་རེད།ཡིག་རྒྱུགས་མཇུག་འགྲིལ་རྗེས་ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་དང་ཟུང་འབྲེལ་བྱས་ནས་མཚན་གནས་ཐོབ་མཁན་དཔྱད་བསྡུར་གཏན་འབེབས་བྱས་ཏེ་ཡུན་ནན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་དམའ་འབྲིང་རིམ་པའི་མཚན་གནས་ལག་ཁྱེར་བཟོ་བ་དང་འབྲེལ་མཚན་གནས་སྤྲོད་པའི་མཛད་སྒོ་སྤེལ་རྒྱུ་རེད། 

3.jpg

རྒྱུགས་རའི་ཟུར་ཞིག 

ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་། ས་དམ། ནུའུ་ཅང་ཁུལ་བཅས་དང་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་རྒྱུགས་སྤྲོད་སློབ་མ་106སྐུལ་སློང་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།