ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་རོང་གི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སྐབས་ལྔ་པ་མཇུག་འགྲིལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས28ཉིན། བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་རོང་གི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སྐབས་ལྔ་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་མཇུག་འགྲིལ་བ་རེད། འགྲན་བསྡུར་དེ་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཀྱི་ཚོགས་ཆུང་། རྒན་རྒོན་གྱི་ཚོགས་ཆུང་བཅས་གསུམ་ལ་ཕྱེ་བ་དང་། ཁྱོན་བདམས་ཐོན་པ150འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

ཡུན་ནན་ཞིང་ཆེན་གྱི་ཨའེ་ཝེ་ཀྲུང་གོའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཝེ་ཁུའེ་དང་ཀྲང་ཤིས་ཤིས། དེ་བཞིན་ཅེ་ཨན་ཐེ་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཟླ་བ་བཅས་ཀྱིས་ཆུ་ཚོད་1དང་སྐར་མ13དང་སྐར་ཆ33.01དང་། ཆུ་ཚོད1དང་སྐར་མ28དང་སྐར་ཆ58.81 ཆུ་ཚོད་1དང་སྐར་མ29དང་སྐར་ཆ12.59བཅས་ཀྱི་གྲུབ་འབྲས་བླངས་ནས་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཀྱི་ཚོགས་ཆུང་། རྒན་རྒོན་གྱི་ཚོགས་ཆུང་བཅས་ཀྱི་ཨང་དང་པོ་བླངས་པ་རེད།

རྒྱུག་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི3900ཙམ་ཟིན་པ་དང་ས་བབ་མཐོ་ཤོས་སྨི4200ཟིན་ཞིང་། ལམ་ཚད་ཧྲིལ་པོར་སྤྱི་ལེ42ཡོད་པས་འགྲན་ཞུགས་པར་འགྲན་སློང་ཆེན་པོ་འཕྲད་པ་རེད། “འཇོན་པོ་ཡིན་ཁུལ”རྐང་འཁོར་རུ་ཁག་གི་བདམས་ཐོན་པ་དབྱང་ལི་ཕིང་བོད་དུ་སླེབས་ཐེངས་དང་པོ་ཡིན་ཞིང་། དབྱང་ལི་ཕིང་གིས“བོད་དུ་འགྲན་བསྡུར་ལ་མ་ཡོང་གོང་མཚོ་སྔོན་དུ་ཟླ་བ་གཅིག་ཙམ་སྦྱོང་བརྡར་བྱས་པ་ཡིན། ཡིན་ནའང་འགྲན་བསྡུར་ལ་རྐང་འཁོར་གྱེན་དུ་གཏོང་སྐབས་དཀའ་ལས་ཁག་པོ་བྱུང”ཞེས་བཤད།

འགྲན་བསྡུར་གྱི་ཉིན་དེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་པས་འགྲེམས་ཚོང་སྟེགས་བུ་བཙུགས་ནས་ལག་ཤེས་བཟོ་ལས་ཐོན་རྫས་དང་ཡུལ་ཟོག་བཙོངས་ཤིང་། སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྣམ་སྒྲོལ་ཆོས་ཉིད་ཀྱིས་གནས་དེ་གས“ལུས་རྩལ། རིག་གནས། ཡུལ་སྐོར”གྱི་བྱེད་ཐབས་བཏོན་ནས་མི་དེ་བས་མང་བ་སྟོད་ལུང་བདེ་ཆེན་ཆུས་སུ་བསྐྱོད་ནས་སྣོད་བཅུད་རང་བྱུང་ཐོན་ཁུངས་ཀྱི་སྒེག་ཉམས་ལོངས་སུ་སྤྱོད་པ་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་མྱོང་རོལ་བྱེད་དུ་བཅུག་ནས་ས་གནས་དེ་གའི་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།