ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བཟོས་པའི་རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲསARJ21ས་མཐོར་ཐེངས་དང་པོ་འཕུར་སྐྱོད་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

འདི་ནི་གནམ་གྲུARJ21ས་མཐོར་འཕུར་སྐྱོད་ཚོད་ལྟ་བྱེད་ཐེངས་དང་པོ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས19ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱིས་བཟོས་པའི་རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲསARJ21གིས་ཁུན་མིང་ནས་ལི་ཅང་དང་། ཤིས་ཧྲོང་པན་ནཱ་བརྒྱུད་ཁུན་མིང་དུ་ལོག་པའི་ལམ་ཐིག་ཏུ་འཕུར་སྐྱོད་བདེ་བླག་བྱུང་བ་དེ་ཐོག་ནས་གནམ་གྲུARJ21ལྷོ་ནུབ་ས་ཁུལ་གྱི་ལམ་ཐིག་ཏུ་ཚོད་ལྟའི་འཕུར་སྐྱོད་བདེ་བླག་བྱུང་བ་མཚོན།

ད་ཐེངས་ཚོད་ལྟའི་འཕུར་སྐྱོད་བྱེད་སྐབས་གནམ་གྲུARJ21གི་ས་མཐོར་འཕུར་ནུས་དང་དེ་བཞིན་ས་མཐོའི་གནམ་གྲུ་ཐང་དུ་འབབ་རྩལ་གཙོ་གནད་ཐོག་མངོན་པར་བྱས་ཏེ། ལྷོ་ནུབ་ས་ཁུལ་གྱི་མགྱོགས་མྱུར་འཕུར་སྐྱོད་ལམ་ཐིག་འཚོལ་ཞིབ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།