ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

(ཧོ་ཐའེ་ཅུན་གྱིས་པར་བླངས།)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་ལོའི་ཟླ་བ་4པར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ལས་ཀ་འགོ་ཚུགས་པ་ནས་བཟུང་། སྔོན་མའི་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ལས་ཀ་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་སྟེང་དུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་མ་ལག་གི་ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་ལས་ཀ་ཁག་བརྟན་པོའི་ངང་སྐུལ་འདེད་གཏོང་བ་རེད།

གཙོ་གནད་ལས་ཀ་དང་གསར་འཛུགས་བྱེད་སྒོའི་ཐད།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་གཞུང་ལས་ཁང་གི་ལས་ཀའི་རྒྱུན་རིས་ཞེས་པ་སོགས་གཏན་འབེབས་བྱས་པ་དང་།  དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་ཁོངས་མི་14སྣོན་པ།  དཔལ་ཡོན་གྲོང་ཁྱེར་གསར་འཛུགས་དྲིལ་བསྒྲགས་སྡེ་ཁུལ་དུ་ཞུགས་པ་དང་གྲོང་ཚོར་ཞུགས་པའི་བྱེད་སྒོ་སྤེལ་བ་དང་། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་ས་ཞིང་དམར་པོའི་གླུ་དབྱངས་ཞེས་པའི་གཏམ་བཤད་འགྲན་བསྡུར་སྤེལ་བ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་རབས་གསར་པའི་དཔལ་ཡོན་ལག་བསྟར་ལྟེ་གནས་གསར་འཛུགས་གྲ་སྒྲིག་བྱེད་པ་དང་ལག་བསྟར་ལྟེ་གནས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བླངས་ཞབས་ཞུ་ལས་ཀའི་ས་ཚིགས་དང་ཁྲིམས་ལུགས་རོགས་སྐྱོར་ཁང་།  སྐྱེ་བོ་ལོ་ན་མ་སོན་པའི་སེམས་ཁམས་འདྲི་རྟོགས་ཁང་སོགས་ཀྱི་དཔལ་ཡོན་ལག་བསྟར་ལས་དོན་ཁང་བཅའ་སྡོད་བྱས་ཡོད་པ་རེད།

སྲིད་དོན་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།    སྲིད་དོན་ཚོམས་ཆེན་གྱི་ཁོར་ཡུག་ལ་ཕྱོགས་ཡོངས་ཀྱིས་མཐོར་འདེགས་དང་བསྒྱུར་བཀོད་བྱས་ནས་ཞབས་ཞུ་ཁོར་ཡུག་ལེགས་སུ་གཏོང་བ།  ལས་རིགས་སོ་སོའི་ཞབས་ཞུ་སྡེ་ཁག་གི་ཁོར་ཡུག་འཛུགས་སྐྲུན་དང་ལས་བྱེད་མི་སྣའི་དཔལ་ཡོན་ཞབས་ཞུ་ལས་ཀ་ཡག་པོ་སྒྲུབ་པ།

2.jpg

ཁྲིམས་སྐྱོང་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད། ཁོངས་གཏོགས་སྡེ་ཚན་དག་གིས་བུད་མེད་དང་བྱིས་པ།  མི་རྒན། དབང་པོ་སྐྱོན་ཅན་སོགས་ཀྱི་ཁེ་དབང་འགན་སྲུང་ལས་ཀ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལུགས་བདུན་ཞུགས་བྱེད་སྒོ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་མ་ཟད། ཁྲིམས་ལུགས་རོགས་སྐྱོར་ཁ་པར་དུས་ཚོད་24བདེ་བགྲོད་ཡིན་པར་ཁག་ཐེག་བྱས་པ།  

ཁྲོམ་རའི་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད། ཚོང་འདུས་ཁྲོམ་རའི་ཁོར་ཡུག་ལ་ཕྱོགས་བསྡོམས་ལེགས་བཅོས་བྱེད་སྒོ་སྤེལ་བ་དང་མང་ཚོགས་ཀྱི་རྟོགས་ཚད་མཐོར་གཏོང་བ། དཔལ་ཡོན་གསོལ་ལྕོག་ཞེས་པའི་གྲོན་ཆུང་བྱེད་སྒོ་ཤུགས་ཆེར་སྐུལ་འདེད་གཏོང་བ།  གྲོང་ཁུལ་ནང་གི་ཚོང་ཁང་ཡོད་ཚད་ལ་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་གི་དཔེ་དཔར་གཏོང་བ།

མི་ཆོས་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།  འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་སྒྲིག་འཛུགས་བྱས་ནས་སྤྱི་པའི་ཁང་བར་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་པའི་ས་ཚིགས་གསར་འཛུགས་བྱེད་པ་དང་ཡུལ་དངོས་སུ་སྤྱི་པའི་ཁང་བ་ལ་ཞིབ་བཤེར་བྱེད་པ།  དྲ་ཁང་ལ་སྐོར་ཞིབ་ལས་ཀ་སྤེལ་བ་རེད།

སྐྱེ་བོ་ལོ་ན་མ་སོན་པའི་འཚར་ལོངས་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།     ཁྱིམ་ཚང་དང་སློབ་གྲྭས་ཧུར་ཐག་ངང་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ལས་ཀར་ཞུགས་པ་དང་།  སློབ་དུས་འགོ་ཚུགས་སྐབས་བེད་སྤྱོད་བྱས་ནས་སློབ་ཚན་དང་པོ་ཞེས་པའི་བྱེད་སྒོ་ཡག་པོ་སྤེལ་བ།  ནག་པང་ཚགས་པར་དང་སློབ་རའི་རྒྱང་བསྒྲགས་བེད་སྤྱོད་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེར་གཏོང་བ།  འགག་སྒོའི་ལས་དོན་ཨུ་ལྷན་དང་འཕྲོད་བསྟེན་བདེ་ཐང་ཅུས།  ཕྱོགས་བསྡོམས་ཁྲིམས་འཛིན་ཅུས་སོགས་དང་མཐུན་སྦྱོར་བྱས་ནས་སློབ་གྲྭ་མཐའ་འཁོར་གྱི་ཁོར་ཡུག་ལ་ལེགས་བཅོས་ལས་ཀ་སྤེལ་བ།

འཚོ་བའི་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།    སྡེ་ཁུལ་དང་སློབ་གྲྭ་སོགས་ཀྱི་ཁོར་ཡུག་ལ་ཆེད་དམིགས་ལེགས་བཅོས་བྱེད་པ་དང་།  གྲོང་ཁུལ་གྱི་འགྲོ་ལམ་གཙོ་ཕལ་དུ་རླངས་འཁོར་རང་དགར་བཞག་པ། ལྡོག་ཕྱོགས་སུ་སྐྱོད་པ་སོགས་ལ་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་པ། མི་སྡོད་ཁོར་ཡུག་མཐོར་འདེགས་པ་དང་རླངས་འཁོར་གྱི་སྒེའུ་ཁུང་ནས་ཅ་ལག་མི་དབྱུག་པ། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་མཉམ་དུ་གསར་འཛུགས་ཞེས་པའི་བྱེད་སྒོ་འགོ་ཚུགས་པ།

སྤྱི་ཚོགས་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།    གཅིག་བསྡུས་ཀྱིས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་རྩད་ཞིབ་ཐག་གཅོད་བྱེད་པ།  ཁྲིམས་དང་མི་མཐུན་པར་བདག་གཉེར་བྱེད་པའི་རླངས་འཁོར་ལ་ལེགས་བཅོས་བྱེད་པ།  མེ་འགོག་བདེ་འཇགས་ཞིབ་བཤེར་བྱེད་པ། གནོད་འཚེ་ཉུང་གཏོང་དང་གནོད་འཚེ་སྔོན་འགོག  བབ་བསྟུན་མྱུར་སྐྱོབ་མ་ལག་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀ་སྤེལ་བ། མི་རིགས་ཆོས་ལུགས་ཁྱབ་ཁོངས་ལ་གྲལ་བཤེར་ཚབས་ཆེན་བྱེད་པ།

3.jpg

སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལས་ཀའི་ཐད།    སྲམ་སྣ་ཆུ་དང་ནག་ཆུའི་གཙང་སེལ་བྱེད་སྒོ་སྤེལ་བ་དང་།  རྫོང་ཁོངས་ཁོར་ཡུག་དོ་དམ་དང་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེར་གཏོང་བ། མཛེས་སྡུག་གི་གྲོང་གསེབ་གསར་འཛུགས་ལས་ཀ་བརྟན་པོའི་ངང་སྐུལ་འདེད་གཏོང་བ།

སྤྱི་ཚོགས་དང་བླངས་ཞབས་ཞུ་ལས་ཀའི་ཐད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་དང་བླངས་པའི་རུ་ཁག་སྒྲིག་འཛུགས་དང་དང་བླངས་ཞབས་ཞུ་ས་ཚིགས་འཛུགས་པའི་ཇུས་གཞི་ཞེས་པ་བཏང་ནས་དང་བླངས་པའི་ཐོ་འགོད་ལས་ཀར་སྐུལ་འདེད་གཏོང་བ།

ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ལས་ཀའི་ཐད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པའི་ཡུལ་དངོས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཇུས་གཞི་ཞེས་པ་གཏོང་བ་དང་།  ཁུལ་རིམ་པའི་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་སྟེ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚོ་ཆུང་གཉིས་བགོས་ནས།  རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཚད་གཞི་ལྟར།  ཡུལ་དངོས་སུ་རྟོག་ཞིབ་དང་འདྲི་ཤོག་བརྟག་དཔྱད་སྒོ་ནས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ལས་ཀ་རིམ་པ་དང་པོ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།