མདུན་ཤོག- ཆབ་སྲིད་འཚོ་བ།- སྲིད་ཇུས་གལ་ཆེན།

བོད་ཀྱི་སྐད་ཡིག་ལས་དོན་གྱི་དོ་དམ་སྐོར།

  བོད་ཀྱི་སྐད་ཡིག་དྲ་བ།  2009-03-09 11:52

  
  1997
ལོའི་
ཟླ་
11
པའི་
ཚེས
21
ཉིན་
དཀར་
མཛེས་
བོད་
རིགས་
རང་
སྐྱོང་
ཁུལ་
གྱི་
སྐབས་
བདུན་
པའི་
མི་
དམངས་
འཐུས་
མིའི་
ཚོགས་
ཆེན་
གྱི་
གྲོས་
ཚོགས་
ཐེངས་
ལྔ་
པ་
ལས་
གོས་
འཆམ་
བྱུང་
ཡོད་
པ་
དང་།
1998
ལོའི་
ཟླ
4
པའི་
ཚེས
6
ཉིན་
སི་
ཁྲོན་
ཞིང་
ཆེན་
གྱི་
སྐབས་
དགུ་
པའི་
མི་
དམངས་
འཐུས་
མིའི་
ཚོགས་
ཆེན་
གྱི་
རྒྱུན་
ལས་
ཨུ་
ཡོན་
ལྷན་
ཁང་
གི་
གྲོས་
ཚོགས་
ཐེངས་
གཉིས་
པས་
ཆོག་
མཆན་
བཀོད་
ཡོད་
པ།
 

     
དོན་
ཚན་
དང་
པོ།
རང་
སྐྱོང་
ཁུལ་
གྱི་
གྲངས་
ཉུང་
མི་
རིགས་
ཀྱི་
སྐད་
ཡིག་
ལས་
དོན་
ཨུ་
ཡོན་
ལྷན་
ཁང་
དེས་
ཁུལ་
ཡོངས་
ཀྱི་
བོད་
ཀྱི་
སྐད་
ཡིག་
ལས་
དོན་
ཐད་
གཅིག་
གྱུར་
གྱིས་
འཆར་
འགོད་
དང་།
 
ཞིབ་
བཤེར།
ལྟ་
སྐུལ་
བཅས་
བྱེད་
དགོས།
རང་
སྐྱོང་
ཁུལ་
ནང་
གི་
རྫོང་
ཁག་
སོ་
སོས་
དོན་
དངོས་
གཞིར་
བཟུང་
ནས་
རང་
རེའི་
རྫོང་
གི་
བོད་
ཀྱི་
སྐད་
ཡིག་
ལས་
དོན་
སྒྲུབ་
པའི་
སྡེ་
ཁག་
དང་
མི་
སྣ་
གཏན་
འབེབས་
དང་
འགན་
ཁུར་
བྱེད་
དགོས།
 

     
དོན་
ཚན་
གཉིས་
པ།
རང་
སྐྱོང་
ཁུལ་
གྱི་
སྒྲིག་
བསྒྱུར་
ཅུས་
ཀྱིས་
ཁུལ་
ནང་
གི་
ལས་
ཁུངས་
དང་།
ཚོགས་
པ།
ཁེ་
ལས་
དོན་
ལས་
ལས་
རིགས།
ཞབས་
ཞུའི་
ལས་
རིགས་
བཅས་
སོ་
སོའི་
བོད་
ཀྱི་
ཡི་
གེ་
སྤྱི་
ཚོགས་
ཐོག་
སྤྱོད་
དུས་
ཀྱི་
ཡིག་
བསྒྱུར་
དང་།
འབྲི་
སྟངས།
ཐ་
སྙན་
བཅས་
ཚད་
ལྡན་
ཅན་
དུ་
བསྒྱུར་
བར་
ཞིབ་
བཤེར་
བྱེད་
འགན་
ཁུར་
དགོས་
པ་
དང་།
བོད་
ཀྱི་
གནའ་
དུས་
དཔེ་
ཆ་
དང་
བོད་
ཀྱི་
ཚད་
ལྡན་
ཡིག་
ཆ་
དཔྱད་
ཞིབ་
ཡིག་
རིགས་
འཚོལ་
སྡུད་
དང་།
ལེགས་
སྒྲིག
 
རྩོམ་
སྒྲིག
 
པར་
སྐྲུན་
བཅས་
ཐད་
འགའ་
ཁུར་
བྱེད་
དགོས།
 

     
དོན་
ཚན་
གསུམ་
པ།
རང་
སྐྱོང་
ཁུལ་
གྱི་
མི་
དོན་
དང་།
སློབ་
གསོ།
ངལ་
རྩོལ།
འཆར་
གཞི་
སོགས་
སྲིད་
འཛིན་
དོ་
དམ་
སྡེ་
ཁག་
གིས་
བོད་
ཀྱི་
སྐད་
ཡིག་
གི་
ཆེད་
ལས་
མི་
སྣ་
མཁས་
ཅན་
གསོ་
སྐྱོང་
དང་།
བེད་
སྤྱོད།
དོ་
དམ་
བཅས་
བྱེད་
རྒྱུར་
མཐོང་
ཆེན་
བྱེད་
དགོས་
པ་
དང་།
བོད་
ཀྱི་
སྐད་
ཡིག་
ཆེད་
ལས་
ཀྱི་
མི་
སྣའི་
ལག་
རྩལ་
གོ་
གནས་
འགན་
ཁུར་
གྱི་
འོས་
ཚད་
དཔྱད་
སྡུར་
གཏན་
འབེབས་
ཀྱི་
ལས་
ཀ་
ལེགས་
སྒྲུབ་
བྱེད་
དགོས་
པ།
དངོས་
ཡོད་
ཀྱི་
དགོས་
མཁོ་
ལྟར།
བོད་
ཀྱི་
སྐད་
ཡིག་
ཆེད་
ལས་
ཀྱི་
སློབ་
མ་
བསྡུ་
ལེན་
དང་
བགོ་
བཤའི་
འཆར་
གཞི་
རྒྱ་
སྐྱེད་
གཏོང་
དགོས་
པ།
ལས་
གནས་
སུ་
ཡོད་
པའི་
བོད་
ཀྱི་
སྐད་
ཡིག་
ཆེད་
ལས་
ཀྱི་
མི་
སྣ་
སྦྱོང་
བརྡར་
བྱས་
ཏེ།
བོད་
ཀྱི་
སྐད་
ཡིག་
ཆེད་
ལས་
དཔུང་
ཁག་
གི་
ཆབ་
སྲིད་
བྱང་
ཚད་
དང་
ལས་
སྒོའི་
ཆུ་
ཚད་
ཇེ་
མཐོར་
གཏོང་
དགོས།
 

    
དོན་
ཚན་
བཞི་
བ།
རང་
སྐྱོང་
ཁུལ་
ནང་
གི་
རིམ་
ཁག་
ཡིག་
ཚགས་
སྡེ་
ཁག་
གིས་
བོད་
ཀྱི་
ཚད་
ལྡན་
ཡིག་
ཆ་
ཐོ་
འགོད་
ཉར་
ཚགས་
བྱེད་
རྒྱུ་
དང་།
བོད་
ཀྱི་
ཡིག་
ཚགས་
ཡིག་
རིགས་
འཚོལ་
སྡུད་
དང་།
ལེགས་
སྒྲིག་
དོ་
དམ།
བེད་
སྤྱོད་
བཅས་
ལས་
ཀ་
ལེགས་
སྒྲུབ་
བྱེད་
དགོས།