མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

གནས་ཚུལ་གསལ་བོར་མ་ཤེས་པར་ཚོང་རྫས་རྫུན་མ་ཕྱིར་འཚོང་བྱས་ན་འགན་འཁུར་དགོས་སམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-25 11:02

[གྱོད་དོན]

  ང་ནི་སྔོན་ཆད་ཞིང་གྲོང་ན་འཚོ་བ་རོལ་བཞིན་པའི་ཞིང་པ་དཀྱུས་མ་ཞིག་ཡིན་ལ། དེ་དུས་ཁྱིམ་ཚང་གི་འཚོ་བ་དང་དཔལ་འབྱོར་ཆུ་ཚད་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཆེད། ངས་དབྱར་དུས་ཀྱི་ཚ་བ་དང་དགུན་དུས་ཀྱི་གྲང་ངར་ལ་མ་འཛེམ་པར་དཀའ་ངལ་ཐམས་ཅད་རྒྱབ་ཏུ་དོར་ནས་ཕྱི་རོལ་ཡུལ་དུ་ཞོར་ལས་སུ་སོང་སྟེ་འབད་བརྩོན་ལྷོད་མེད་དང་སྒོར་མོ་བཙལ་བ་ཡིན། ལོ་ངོ་དུ་མར་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་དཀའ་ལས་བྱས་མཐར་རང་ཉིད་ལའང་གསོག་དངུལ་ངེས་ཅན་ཞིག་ཡོད་བྱུང་། ཕྱིས་སུ་བསམ་བློ་གང་མང་བཏང་མཐར་རྫོང་ཐོག་ནས་བཟའ་བཏུང་རིགས་ཀྱི་ཚོང་ཁང་ཞིག་ཕྱེས་ལ། ངས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་མ་བསམ་པར་བསམ་བློ་རྣམ་དག་གི་སྒོ་ནས་ཚོང་གཉེར་བྱས་པས་ཚོང་ཁང་དུ་ཉོ་མཁན་ཡང་མང་པོ་ཡོང་བཞིན་ཡོད། ཡིན་ནའང2009ལོའི་ཟླ12པའི་ནང་དུ། རྒྱུ་སྤུས་ཞིབ་བཤེར་ལས་ཁུངས་ཀྱི་མི་སྣ་སྐོར་ཞིག་ངའི་ཚོང་ཁང་དུ་ཚོང་རྫས་ཞིབ་བཤེར་བྱེད་དུ་ཡོང་ལ། མཇུག་མཐར་ཁོ་ཚོས་ངའི་ཚོང་རྫས་སྐོར་ཞིག་རྫུན་མ་ཡིན་པར་བཤད། ངས་ཚོང་ཁང་ནང་གི་ཚོང་རྫས་དེ་ཚོ་རྫུན་མ་ཡིན་པའི་གནས་ཚུལ་དངོས་གནས་མི་ཤེས། རྒྱུ་མཚན་ནི་ང་ལ་སྡེབ་འཚོང་ཁང་ནས་ཚོང་ལེན་དུས་ཚོང་རྫས་དངོས་རྫུན་གྱི་དབྱེ་བ་འབྱེད་པའི་ནུས་པ་རྩ་བ་ནས་མི་ལྡན། དེ་བས། འདིར་འདྲི་རྒྱུ་ཞིག་ནི། གོང་གི་དེ་ལྟ་བུའི་གནས་ཚུལ་འོག་ངས་འགན་འཁུར་དགོས་སམ།

[གྱོད་དོན་དབྱེ་ཞིབ]

  རང་རྒྱལ《ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། རྒྱལ་ཁབ་ཀྱི་ཐོན་རྫས་རྒྱུ་སྤུས་ཀྱི་འོས་འགན་དང་འགལ་བའི་ཐོན་སྐྱེད་མཁན་ནམ་ཚོང་གཉེར་མཁན་ལ། ཐོན་རྫས་རྒྱུ་སྤུས་ལྟ་སྐུལ་ལས་ཁུངས་སམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱས་པའི་འགན་དབང་ཁྱབ་ཁོངས་ནང་ཆད་གཅོད་བྱ་དགོས། ཐོན་སྐྱེད་བྱེད་མཁན་ནམ་ཕྱིར་འཚོང་མཁན་གྱིས་ཐོན་རྫས་ནང་རྫས་རྫུན་མ་དང་ངན་པ་བསྲེས་ཏེ། བཅོས་མ་དངོས་མར་བརྫུ་བ་དང་ངན་པ་བཟང་བར་བརྫུ་བའམ་ཡང་ན་ཚད་ལྡན་མིན་པའི་ཐོན་རྫས་དེ་ཚད་ལྡན་གྱི་ཐོན་རྫས་ལ་བརྫུས་ཚེ། ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་མཚམས་འཇོག་ཏུ་བཅུག་སྟེ་ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་བྱ་དགོས་པར་མ་ཟད། ཁྲིམས་འགལ་ལས་ཐོབ་པའི་ཡོང་སྒོའི་ལྡབ་གཅིག་ནས་ལྡབ་ལྔ་བར་གྱི་ཆད་པ་གཅོད་པ་དང་ཆབས་ཅིག་ལས་གཉེར་ལག་རྟགས་མེད་པར་བཟོ་དགོས། གལ་ཏེ་ནག་ཉེས་གྲུབ་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས། ཁྱོད་རང་ཚོང་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ཁྱོད་རྫུན་བཟོ་བྱེད་པའི་བྱ་འགུལ་ལ་ཞུགས་མོད། གལ་ཏེ་ཁྱོད་ཀྱིས་མངོན་གསལ་སྒོས་ཐོན་རྫས་དེ་ཐོན་སྐྱེད་བྱེད་མཁན་མཁོ་སྤྲོད་བྱེད་མ་ཐུབ་ཚེ། ཁྱོད་ཀྱིས་ཀྱང་འོས་འཚམ་གྱི་འགན་འཁྲི་འཁུར་འོས་སོ།  །