མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

འགན་ལེན་མཁན་གྱིས་ས་ཞིང་བདག་གཉེར་དབང་ཆ་བརྒྱུད་སྤྲོད་བྱས་ཆོག་གམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-04-06 14:49

[གྱོད་དོན]

  ཚེ་གྲུབ་ཀྱིས་གཡང་ལུང་སྡེ་བའི་སིལ་ར་མུའུ30འགན་གཙང་ལེན་བྱས་ཤིང་། ཁོ་ས་ཆ་གཞན་ལ་ཚོང་རྒྱག་ཏུ་འགྲོ་དགོས་པས་སིལ་ར་དེ་སྡེ་བ་གཞན་ན་ཡོད་པའི་རང་གི་ཚ་བོ་ལ་བདག་གཉེར་བྱེད་དུ་བཅུག ཚེ་གྲུབ་ཀྱིས་ཁོའི་ཚ་བོ་གཉིས་ཀྱིས་སིལ་ར་བརྒྱུད་སྤྲོད་བྱེད་པའི་གྲོས་མཐུན་ཞིག་བཞག་ལ། གྲོས་མཐུན་ནང་དུ་སིལ་ར་དེ་ཚེ་གྲུབ་ཀྱི་ཚ་བོ་ཡིས་འགན་ལེན་བདག་གཉེར་བྱ་དགོས་ཤིང་། ཚ་བོ་ཡིས་གཡང་ལུང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་འགན་ལེན་གྲོན་དངུལ་སྟེར་དགོས་པར་མ་ཟད། ལོ་རེར་ཚེ་གྲུབ་ལ་ཁོས་སྔོན་ཆད་མ་རྩ་བཏང་བར་སྒོར3000གྱི་ཁ་གསབ་དངུལ་སྟེར་དགོས་པའི་ཁ་ཆད་བྱས་ཡོད། གཡང་ལུང་སྡེ་དམངས་ཨུ་ཡོན་ལྷན་ཁང་འགན་སྤྲོད་མཁན་ཡིན་པའི་ཆ་ནས་དོན་དེར་འཐད་པ་མ་བྱུང་། ཚེ་གྲུབ་ཀྱིས་བཤད་རྒྱུར། ཁོས་སིལ་ར་ལ་མ་རྩ་བཏང་བའི་འགྲོ་གྲོན་ཕྱིར་ལེན་ཐུབ་མེད། དེའི་རྐྱེན་གྱིས་རང་ཉིད་སིལ་ར་བརྒྱུད་སྤྱོད་བྱ་རྒྱུའི་བསམ་ཚུལ་ལ་རྒྱུན་འཁྱོངས་བྱས། ཁོས་བསམ་པར་འགན་ལེན་གན་རྒྱ་ད་དུང་ལོ12ཀྱི་དུས་ཡུན་ཡོད་པས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁོའི་འགན་ལེན་དབང་ཆར་ཐེ་གཏོགས་བྱས་མི་ཆོག་པར་སྙམ། དེ་བས། འདིར་འདྲི་རྒྱུ་ཞིག་ནི། ང་ཚོ་གཡང་ལུང་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཚེ་གྲུབ་གཉིས་ཀའི་བསམ་ཚུལ་གང་ཞིག་ཁྲིམས་མཐུན་ཡིན་ནམ།  །

[གྱོད་དོན་དབྱེ་ཞིབ]

  ཚེ་གྲུབ་ཀྱིས་ཁྲིམས་ལྟར་ས་མུའུ30ཡི་སིལ་ར་དེའི་འགན་ལེན་བདག་གཉེར་དབང་ཆ་ཁོའི་ཚ་བོ་ལ་བརྒྱུད་སྤྱོད་བྱས་ཆོག་ཅིང་། བརྒྱུད་སྤྱོད་ཀྱི་གྲོས་མཐུན་དེའང་ནུས་ཡོད་ཡིན། ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས་ཀྱི་ལེའུ་ལྔ་བའི་ནང་ས་ཞིང་འགན་ལེན་བདག་གཉེར་དབང་ཆའི་བརྒྱུད་སྤྲོད་ལ་གཤམ་གྱི་གཏན་ཁེལ་འགའ་བྱས་ཡོད། དོན་ཚན32པའི་གཏན་ཁེལ་ལྟར་ན། ཁྱིམ་ཚང་གཞི་བྱས་ཏེ་འགན་ལེན་བྱས་པའི་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་ཁྲིམས་ལྟར་གླ་བའམ་བརྗེ་བ། ཡང་ན་བྱེད་ཐབས་གཞན་པའི་སྒོ་ནས་བརྒྱུད་སྤྲོད་བྱས་ཆོག དོན་ཚན33པའི་གཏན་ཁེལ་ལྟར་ན། ས་ཞིང་འགན་ལེན་བདག་གཉེར་དབང་ཆ་བརྒྱུད་སྤྲོད་བྱེད་པར་གཤམ་གྱི་རྩ་དོན་དག་བརྩི་སྲུང་བྱ་དགོས། གཅིག འདྲ་མཉམ་གྱི་གྲོས་བསྡུར་དང་རང་འཐད། རིན་ཡོད་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས་ལ། རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་འགན་ལེན་ཕྱོགས་ཀྱིས་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་བརྒྱུད་སྤྱོད་བྱེད་པར་བཙན་ཤེད་དང་བར་ཆད་བཟོས་མི་ཆོག གཉིས། ས་ཞིང་གི་བདག་གཉེར་ངོ་བོ་དང་ས་ཞིང་གི་ཞིང་ལས་སྤྱོད་ཡུལ་བཅོས་སྒྱུར་བྱས་མི་ཆོག གསུམ། བརྒྱུད་སྤྲོད་དུས་ཡུན་འགན་ལེན་དུས་ཡུན་ལས་བརྒལ་མི་ཆོག བཞི། བརྒྱུད་སྤྲོད་དང་ལེན་བྱེད་མཁན་ལ་ཞིང་ལས་བདག་གཉེར་ནུས་པ་ཡོད་དགོས། ལྔ། འདྲ་མཉམ་གྱི་ཆ་རྐྱེན་འོག་རང་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་དམིགས་བསལ་གྱི་དབང་ཆ་འོངས་སྤྱོད་བྱེད་བཞིན་ཡོད། དོན་ཚན35པའི་གཏན་ཁེལ་ལྟར་ན། འགན་ལེན་དུས་ཡུན་ནང་འགན་སྤྲོད་མཁན་ཕྱོགས་གཅིག་པུས་འགན་ལེན་གན་རྒྱ་མེད་པར་བཟོས་མི་ཆོག་ལ། ཁ་གཡར་ས་སྣ་ཚོགས་བཙལ་ནས་འགན་ལེན་མཁན་གྱི་ས་ཞིང་བདག་གཉེར་དབང་ཆ་བཅོས་སྒྱུར་དང་བླངས་མི་ཆོག དོན་ཚན36པའི་གཏན་ཁེལ་ལྟར་ན། ས་ཞིང་འགན་ལེན་བདག་གཉེར་དབང་ཆ་བརྒྱུད་སྤྲོད་བྱས་པའི་འགན་ལེན་མཁན་ལ་དབང་བས་རྩ་འཛུགས་དང་མི་སུ་ཡིན་རུང་འཕྲི་འཐེན་བྱས་མི་ཆོག དེ་བས། ཚེ་གྲུབ་ཀྱིས་ཁྲིམས་ལྟར་རང་ཉིད་ཀྱིས་འགན་ལེན་བྱས་པའི་སིལ་རའི་མུའུ30དེ་ཁོའི་ཚ་བོ་ལ་བརྒྱུད་སྤྲོད་བྱེད་པར་ཁྱེད་གཡང་ལུང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐེ་གཏོགས་ཅི་ཡང་བྱས་མི་ཆོག་གོ