མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

གཉེན་འཐོར་དཔང་ཡིག་མ་བླངས་པར་ཡང་བསྐྱར་གཉེན་སྒྲིག་བྱས་ཆོག་གམ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-04-22 10:59

[གྱོད་དོན]

  ང་རང་ལོ16ལ་སོན་སྐབས་ཁྱིམ་ཚང་གི་འབྱོར་བ་ཧ་ཅང་ཞན་པའི་རྐྱེན་གྱིས་འུ་ཐུག་ཐབས་ཟད་ངང་རང་ལས་ལོ་བདུན་ཙམ་གྱིས་ཆེ་བའི་སྐྱེས་པ་ཞིག་གི་རྗེས་སུ་གནས་ལ་སོང་ཞིང་། སྐབས་དེར་སྐྱེས་པ་ཡིས་འབྲེལ་བ་སྣ་ཚོགས་བརྒྱུད་དེ་གཉེན་སྒྲིག་དཔང་ཡིག་ཀྱང་བླངས། ལོ་གཅིག་གི་རྗེས་སུ་བུ་མོ་ཞིག་ཀྱང་བཙས། གཉེན་སྒྲིག་བྱས་རྗེས་ངས་སྐྱེས་པ་དེ་ཤོ་རྒྱག་པར་ཧ་ཅང་དགའ་བ་ཤེས་བྱུང་། ཐེངས་དུ་མར་ཁོ་ལ་ཞུ་བ་དང་ཁ་ཏ་བྱས་མོད། འོན་ཀྱང་ཁོས་ངའི་སྐད་ཆ་སྣང་མེད་དུ་འཇོག་པར་མ་ཟད། ད་དུང་ང་ལ་སྡུག་དམོད་དང་གཅར་རྡུང་ཡང་བྱས། ད་ལོའི་ཟླ་ལྔ་པར་ངས་གནར་གཅོད་དེ་དག་ལ་དངོས་གནས་བཟོད་བསྲན་བྱེད་ཐབས་བྲལ་ནས་ད་ལྟ་ལྐོག་ཏུ་བྲོས་ནས་ཁུལ་ཐོག་ཏུ་ཐོན་ཡོད། འདི་ནས་འདྲི་རྒྱུ་ཞིག་ལ། ངས་གཉེན་འཐོར་འགྲོ་ལུགས་བསྒྲུབ་མ་ཐུབ་པར་ཡང་བསྐྱར་སྐྱེས་པ་གཞན་ཞིག་བཙལ་ཏེ་གཉེན་སྒྲིག་བྱས་ཆོག་གམ། (ད་ལྟ་སྔོན་གྱི་ཁྱོ་ག་ཚང་ལ་སོང་ན་བཀག་ཉར་བྱེད་པར་སྐྲག་ནས་འགྲོ་མི་ཕོད)ངས་གོ་ཐོས་ལྟར་ན་བཟའ་ཟླ་ཡིན་ཡང་ལོ་གཉིས་ལ་མཉམ་གཅིག་ཏུ་མ་བསྡད་ན་གཉེན་སྒྲིག་དཔང་ཡིག་ནུས་མེད་ཡིན་ཞེས་པ་བདེན་ནམ། གལ་ཏེ་བདེན་པ་ཡིན་ཚེ་ངས་ལོ་གཉིས་ཀྱི་རྗེས་ནས་སྐྱེས་པ་གཞན་ཞིག་དང་གཉེན་སྒྲིག་བྱེད་ཚེ་གཉེན་འཐོར་འགྲོ་ལུགས་བསྒྲུབ་མི་དགོས་པ་ཨེ་རེད།

[གྱོད་དོན་དབྱེ་ཞིབ]

  ཐེངས་གཅིག་ལ་བྱིན་པའི་དཔལ་འབྱོལ་ཁ་གསབ་དངུལ་དེ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་ཡིན་མིན་ལ་རོགས་དངུལ་དེའི་ངོ་བོ་རྒྱུས་ལོན་ཡང་དག་བྱས་ཚེ། གནད་དོན་ཡང་མངོན་གསལ་དུ་འགྱུར་ངེས་ཡིན། དཔལ་འབྱོར་ཁ་གསབ་དངུལ་ནི་དོན་དངོས་སུ་ལས་ཤོར་ཁ་གསབ་དངུལ་གྱི་རིགས་ཤིག་རེད་ལ། དེ་ནི་མི་བཀོལ་ལས་ཁུངས་ཀྱིས་ངལ་རྩོལ་པས་བཞག་པའི་བྱས་རྗེས་དང་ངལ་རྩོལ་པ་ལས་ཤོར་བྱུང་རྗེས་འཚོ་གནས་ལ་ཁག་ཐེག་བྱེད་ཆེད་བྱིན་པའི་ཁ་གསབ་དངུལ་ཞིག་རེད། འདི་ནི་ངལ་རྩོལ་པས་མི་བཀོལ་ལས་ཁུངས་དང་ངལ་རྩོལ་འབྲེལ་བ་མེད་པར་བཟོས་པ་ལས་ཐོབ་པའི་ཁ་གསབ་དངུལ་ཡིན་པས་ཡང་བསྐྱར་བྱ་བ་བཙལ་ཐུབ་མིན་གྱི་ཉེན་ཧ་ཅང་ཆེ། འདི་ལྟ་བུའི་ཁ་གསབ་དངུལ་དང་ངལ་རྩོལ་པའི་རྒྱུན་ལྡན་གྱི་གླ་ཕོགས་སམ་བྱ་དགའ་སོགས་ཀྱི་ངལ་རྩོལ་གླ་ཡོན་གཉིས་ཀར་ངོ་བོའི་སྟེང་ནས་ཁྱད་པར་ཡོད། ངལ་རྩོལ་པའི་ཐད་ནས་བཤད་ན། དཔལ་འབྱོར་ཁ་གསབ་དངུལ་ནི་ངལ་རྩོལ་པས་དུས་ཡུན་རིང་པོའི་གཏན་འཇགས་ཀྱི་ངལ་རྩོལ་གླ་ཡོན་བློས་བཏང་སྟེ་ཐོབ་པ་ཞིག་ཡིན། དུས་མཚུངས་སུ་འགྲན་རྩོད་ཧ་ཅང་ཆེ་བའི་དེང་གི་སྤྱི་ཚོགས་འདིར་ངལ་རྩོལ་པར་བྱ་བ་མེད་སོང་ཚེ་འཚོ་གནས་ལ་ཉེན་ཁ་བྱུང་བ་དང་མཚུངས། དེ་བས་དཔལ་འབྱོར་ཁ་གསབ་དངུལ་དེ་ཁྱོ་ཤུག་སྤྱིའི་རྒྱུ་ནོར་དུ་བརྩིས་ཏེ་བགོ་བཤའ་རྒྱག་མི་རུང་བར། ཁྱོ་ཤུག་གང་རུང་གི་མི་སྒེར་གྱི་རྒྱུ་ནོར་དུ་བརྩིས་དགོས། 《ཆེས་མཐོ་མི་དམངས་ཁྲིམས་ཁང་གིས(གཉེན་སྒྲིག་བཅའ་ཁྲིམས)བཀོལ་སྤྱོད་བྱེད་པའི་གནད་དོན་འགའི་འགྲེལ་བཤད》དོན་ཚན11པ་དང《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན17པའི་ནང་དུ། “གཞན་པའི་སྤྱི་ལ་དབང་བའི་རྒྱུ་ནོར་ཁྲོད་དུ་དཔལ་འབྱོར་ཁ་གསབ་དངུལ་མི་འདུ”ཞེས་གཏན་ཁེལ་བྱས་ཡོད། དེའི་རྐྱེན་གྱིས་དཔལ་འབྱོར་ཁ་གསབ་དངུལ་མི་སྒེར་གྱི་རྒྱུ་ནོར་དུ་གཏོགས།  །