མདུན་ཤོག- ཆབ་སྲིད་འཚོ་བ།- སྲིད་ཇུས་འགྲེལ་བཤད།

མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་སྡེ་སྤེལ་ལས་གཞི་དོ་དམ་བྱེད་ཐབས་ཀྱི་དྲི་བ་དྲིས་ལན།(༥)

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-05 11:23

ལྔ། དབུལ་སྐྱོར་སྡེ་སྤེལ་ལས་གཞིའི་སྤྱིའི་དམིགས་འབེན་ཅི་ཡིན་ནམ།

1、དབུལ་སྐྱོར་སྡེ་སྤེལ་བྱེད་པར་ཁྱིམ་ལ་ཕྱུག་སྒྱུར་ལས་གཞི་ཡོད་པ་དང་། སྡེ་བར་ཁྱད་ལྡན་ཐོན་ལས་ཡོད་པ། ཡུལ་ཚོར་སྣེ་ཁྲིད་ཐོན་ལས་ཡོད་པ། རྫོང་ལ་སྲོག་ཤིང་ཐོན་ལས་ཡོད་པ་བཅས་ཀྱི་དམིགས་འབེན་དཀྱིལ་སྙིང་དུ་འཇོག་པ་དང་། ལས་གཞི་སྡེ་བར་ཐོན་པ་དང་ཕན་འབྲས་ཁྱིམ་ཚང་ལ་ཐོབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག ཤུགས་བཏོན་ནས་དབུལ་ཕོངས་ས་ཁུལ་དང་རོགས་སྐྱོར་བྱ་ཡུལ་ལ་རོགས་སྐྱོར་བྱས་ཏེ། མཐོ་གཞོང་གི་ཁྱད་ལྡན་ཞིང་ལས་དང་སྐྱེ་ཁམས་ཕྱུགས་ལས། ཕྱོགས་བསྡུས་ལས་སྣོན་ལས་རིགས། ཁྱད་ལྡན་གནས་སྐོར། ལག་བཟོའི་སྒྱུ་རྩལ་ཐོན་རྫས། མི་རིགས་རིགས་གནས། སྐྱེལ་འདྲེན། ཉོ་ཚོང་། བཟའ་བཏུང་སོགས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་དགོས། ནུས་ཤུགས་ཡོད་དགུ་བཏོན་དེ་ས་ཁོངས་ཅན་དང་ཁྱད་ལྡན་ཅན། ཆེད་ལས་ཅན། གཞི་ཁྱོན་ཅན། གཅིག་འདུས་ཅན། ཟོང་རྟགས་ཅན། ལས་ཆོད་ཅན་སོགས་ཀྱི་ཐོན་ལས་དབུལ་སྐྱོར་གནས་གཞི་སྣ་མང་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་དགོས། ལས་གཞིའི་རོགས་སྐྱོར་ལ་བརྟེན་ནས་དབུལ་ཁྱིམ་གྱི་ཡོང་སྒོ་འཕར་བ་ཡུན་རིང་ཞིང་འགྱུར་བ་མེད་པ་དང་དབུལ་སེལ་ཕྱུག་སྒྱུར་གྱི་དམིགས་འབེན་ལེགས་འགྲུབ་བྱུང་བ།

2、སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་སྦྲགས་ཏེ། ཆུ་དང་གློག ལམ། རླངས་དབུགས། ཁང་བ།ཁྱིམ་ལ་ཐོན་དགོས་པ་དྲུག་དང་། སྡེ་བའི་བྱ་འགུལ་སྣ་འཛོམས་སྤེལ་གནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བླང་བྱ་ལྟར། དབུལ་སྐྱོར་སྡེ་སྤེལ་ལས་གཞི་ལག་བསྟར་བྱེད་པ་བསྙོམས་སྟེགས་སུ་བྱས་ཐོག ཐབས་ལམ་མི་འཆོལ་ཞིང་སྤྱོད་སྒོ་མི་འགྱུར་བ། གཅིག་གྱུར་བཀོད་སྒྲིག རང་འགན་རང་འཁུར། རང་བྱས་རང་བརྩི་སོགས་རྩ་དོན་རྒྱུན་འཁྱོངས་དང་། ལས་རིགས་སྡེ་ཁག་དང་སྤྱི་ཚོགས་རོགས་སྐྱོར་མ་དངུལ་ཕྱོགས་བསྡུས། སྟོབས་ཤུགས་གཅིག་སྒྲིལ་དང་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པ།

3、ལས་གཞིའི་གདམ་གསེས་དང་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ། མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་འདོན་བློ་ལ་བརྩི་མཐོང་ཆེན་པོ་བྱས་ཐོག ལས་གཞིའི་ཁྱིམ་ཚང་གི་ཤེས་རྟོགས་དབང་ཆ་དང་ནང་དུ་ཞུགས་པའི་དབང་ཆ། གདམ་གསེས་དབང་ཆ། ལག་བསྟར་དབང་ཆ། ལྟ་སྐུལ་དབང་ཆ། ཕན་འབྲས་མྱོང་བའི་དབང་ཆ་སོགས་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། མང་ཚོགས་ལ་སྐུལ་སློང་བྱས་ཏེ་ལས་གཞིའི་འཛུགས་སྐྲུན་དང་དོ་དམ་གྱི་ཁྲོད་དུ་ཞུགས་སུ་འཇུག་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག