མདུན་ཤོག- ཆེད་སྒྲིག

བོད་སྐད་གསར་འགྱུར་དྲ་ཚིགས་བེད་སྤྱོད་དང་ཤེས་ཚད་སྐོར་གྱི་བརྟག་དཔྱད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ་ནས།  2012-06-14 11:50

གུས་ཤིང་བརྩེ་བའི་དྲ་དམངས་རྣམས་སྐུ་ཁམས་བདེ།

བོད་སྐད་གསར་འགྱུར་དྲ་ཚིགས་ཀྱི་མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་དྲ་དམངས་ཀྱིས་བེད་སྤྱོད་དང་ཤེས་ཚད་སྒོ་ཀུན་ནས་ཤེས་རྟོགས་བྱ་ཆེད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་བསལ་མངགས་བཅོལ་རྣམ་གྲངས་ཏེ《རང་རྒྱལ་གྱི་བོད་སྐད་གསར་འགྱུར་སྨྱན་བྱད་ཀྱི་ཤན་ཤུགས་ཐོན་ཚུལ་ལ་ཞིབ་འཇུག་བྱེད་པའི》ཞིབ་འཇུག་ཚན་ཆུང་གིས་ཆེད་དུ་སྤེལ་བའི་ཐེངས་འདིའི་བརྟག་དཔྱད་བྱ་བ་སྒྲིག་འཛུཌ་བྱས་པ་ཡིན། བརྟག་དཔྱད་འདིའི་མིང་མི་འགོད་པའི་ཐབས་ལྟར་བྱ་རྒྱུ་དང་ཁྱེད་ཀྱིས་བཏབ་པའི་ལན་དེ་འགྲིག་ནོར་དང་འབྲེལ་བ་མེད་ལ། ཁྱེད་ཀྱིས་བཏབ་པའི་ལན་རྣམས་ང་ཚོས་སྡོམ་རྩིས་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་གསང་སྲུང་ནན་པོ་བསྐྱང་རྒྱུ་དང་། བརྟག་དཔྱད་བྱས་པའི་གཞི་གྲངས་དེ་ཞིབ་འཇུག་ཁོ་ནའི་ཐད་སྤྱོད་རྒྱུ་ཡིན། ཁྱེད་ཀྱིས་གཞོགས་འདེགས་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ནན་ཅིང་སློབ་ཆེན་གསར་འགྱུར་ཁྱབ་སྤེལ་སློབ་གླིང་དང་།

རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་བསལ་མངགས་བཅོལ་རྣམ་གྲངས།

“རང་རྒྱལ་གྱི་བོད་སྐད་གསར་འགྱུར་སྨྱན་བྱད་ཀྱི་ཤན་ཤུཌ་ཐོན་ཚུལ་ལ་ཞིབ་འཇུག་

བྱེད་པའི”ཚན་ཆུང་བཅས་ཀྱིས།

2012ལོའི་ཟླ6པར།

གསལ་བཤད།

1.རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ཐེངས་འདིའི་བརྟག་དཔྱད་ལ་ཞུགས་པར་དགའ་བསུ་ཞུ། ངེད་དྲ་ཚིགས་ཀྱིས་ཐེངས་འདིའི་དྲི་ཤོག་སྐུར་ཡོང་བའི་དྲ་གྲོགས500ལ་ལག་སྐྱེས་ཅུང་ཙམ་རེ་འབུལ་རྩིས་ཡོད་པས། དུས་ལྟར་བརྟག་དཔྱད་དྲི་ཤོག་བསྐུར་ཡོང་བར་མཁྱེན། (བརྟག་དཔྱད་དྲི་ཤོག་བསྐུར་ཡོང་བའི་དུས་ཚོད་ཀྱི་སྔ་ཕྱི་ལྟར་གཞི་འཛིན་རྒྱུ་ཡིན།)

2.ཐེངས་འདིའི་བརྟག་དཔྱད་དྲི་ཤོག་བསྐུར་ཡོང་བའི་དུས་ཚོད་ནི2012ལོའི9པའི་ཚེས15ཉིན་གྱི་སྔོན་ཡིན།

3.བརྟག་དཔྱད་དྲི་ཤོག་ཕབ་ལེན་བྱ་ཡུལ།

པཎྚིཏ་ཡིག་གཟུགས། http://www.tibet3.com/kzcd/dc.doc

ཧི་མ་ལ་ཡའི་ཡིག་གཟུགས། http://ti.tibet3.com/special/site3/20120906/7071bc75733e11b25e6b01.doc

4བརྟག་དཔྱད་དྲི་ཤོག་ངེད་དྲ་ཚིགས་ལ་བསྐུར་ཡུལ། E-mail:khatse@qq.com

ཀྲུང་གོ་བོད་ཀྱི་དྲ་ཚིགས་ནས།

2012ལོའི་ཟླ6པའི་ཚེས13ཉིན།