མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

གནས་སྐོར་གྱི་མཉམ་འཇོག་བྱ་ཡུལ་དྲུག

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2011-05-08 12:51

  བཟོ་ཚོང་སྡེ་ཁག་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་གནས་སྐོར་པ་རྣམས་ལ་མཉམ་འཇོག་བྱ་ཡུལ་དྲུག་བཏོན་ཡོདཔ་གཤམ་གསལ་ལྟར།  
  ༡གཞན་ཡུལ་དུ་གནས་སྐོར་ལ་འགྲོ་ན་རང་ཉིད་གྱི་མཐུན་རྐྱེན་དང་རང་ལུས་ཀྱི་བདེ་ཐང་ཆ་རྐྱེན།  རང་ཉིད་ཀྱི་དགོས་མཁོ་བཅས་ལ་གཞིགས་ནས་གནས་སྐོར་བྱ་ཡུལ་གྱི་ལམ་ཐིག་འདེམ་པ་ལས།  རྨོངས་ཚོད་ཀྱིས་གནས་སྐོར་དུ་སོང་ན།  སེམས་མི་སྐྱིད་ཅིང་རྒྱུ་ནོར་གྱོང་གུན་ཡོང་བར་ཉེན་ཁ་ཆེ། 
  ༢ གནས་སྐོར་ཁང་འདེམ་སྐབས།  གནས་སྐོར་ཁང་དེར་འོས་འཚམ་གྱི་གཉེར་སྐྱོང་ཐོབ་ཐང་ལྡན་མིན་ལ་རྒྱུས་ལོན་བྱས་ཏེ།  གནས་སྐོར་གལ་རྒྱ་འཇོག་སྐབས་གན་རྒྱའི་ནང་དོན་རེ་རེ་ལ་ཞིབ་མོར་ལྟ་དགོས་པ་དང་།  མགོ་བསྐོར་དང་གཡོ་འོག་ཏུ་ཚུད་པར་བྱོལ་ཐབས་བྱེད་དགོས།
  ༣གནས་སྐོར་དངོས་རྫས་ཉོ་སྐབས་དང་།  ལྷག་པར་ཚོང་རྫས་རྩ་ཆེན་ཉོ་སྐབས།  དངོས་རྫས་ཉོས་པའི་འཛིན་བྱང་ངོ་མ་ལེན་རྒྱུ་བརྗེད་མི་རུང་།  གལ་ཏེ་རྒྱུ་སྤུས་ལ་གནད་དོན་བྱུང་ཚེ།  རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་པའི་བདེན་དཔང་འཇོག་དགོས།  ཚོང་ཁང་གིས་འཛིན་བྱང་ངམ་འཛིན་བྱང་ངོ་མ་འདོན་སྤྲོད་བྱེད་མི་ཐུབ་པའི་ཚོང་རྫས་ལ་ལྷག་ཏུ་གཟབ་ནན་བྱ་དགོས། 
  ༤གནས་སྐོར་དུ་འགྲོ་བའི་སྐབས་སུ་འཛད་སྤྱོད་བདེ་འཇགས་དང་གནས་སྐོར་བདེ་འཇགས་ལ་མཉམ་འཇོག་བྱས་ཏེ་རང་ལུས་ལ་རྨས་སྐྱོན་སོགས་འབྱུང་དུ་འཇུག་པར་བྱོལ་ཐབས་བྱེད་དགོས། 
  ༥ གནས་སྐོར་ལམ་འགྲམ་ནས་ཞབས་ཞུ་རྒྱུ་སྤུས་ལ་གནད་དོན་བྱུང་བའམ་བསམ་ཡུལ་ལས་འདས་པའི་གནས་ཚུལ་གཞན་ཡོད་ན།  ཡིད་རྣལ་དུ་ཕབ་ནས་བློ་རིག་གིས་འགལ་བ་ཐག་གཅོད་བྱས་ཏེ།  གྱོང་གུན་ཇེ་ཆེར་འགྲོ་བ་སྔོན་འགོག་བྱེད་དགོས། 
  ༦ རྒྱ་ཆེའི་གནས་སྐོར་ཁང་དག་གིས་ཚོང་གཉེར་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།  གནས་སྐོར་བྱ་འགུལ་ཁྲོད་དུ་འབྱུང་སྲིད་པའི་དཀའ་ཁག་དང་གནད་དོན་སྔོན་དཔག་གང་ལེགས་བྱས་ནས།  སྔོན་འགོག་གི་བྱེད་ཐབས་གཏན་འབེབས་དང་གནས་སྐོར་པའི་མི་ལུས་བདེ་འཇགས་ཁག་ཐེག་བྱས་ཏེ།  ཕན་ལྡན་གྱིས་ཚོང་གཉེར་ཉེན་ཁ་བྱོལ་ཐབས་བྱེད་དགོས།   །