མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་གནས་སྐོར་ཅུའུ་གཉིས་ཀྱིས་མཉམ་ལས་དམ་པོ་བྱེད་པའི་བརྗེད་ཐོ་བཀོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2011-05-15 10:57

ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་གནས་སྐོར་ཅུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་རྒྱལ་ཁབ་གནས་སྐོར་ཅུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་མཉམ་ལས་དམ་པོ་བྱེད་པའི་བརྗེད་ཐོ་བཀོད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་བརྗེད་ཐོ་འགོད་པའི་མཛད་སྒོར་ཞུགས་པ་དང་། རྒྱལ་ཁབ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཧྲོ་ཆི་ཝེ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གཉིས་ཀྱིས་བརྗེད་ཐོ་བཀོད། བརྗེད་ཐོ་འགོད་པའི་མཛད་སྒོའི་སྟེང་ཆང་བེ་ཡིས་བསྟན་དོན། ང་ཚོས་ངེས་པར་དུ་གོ་སྐབས་འདི་དམ་འཛིན་བྱས་ནས། སྐོར་གསར་བའི་གནས་སྐོར་ལས་གཞི་འཛུགས་སྐྲུན་བྱེད་པའི་མཐོ་རླབས་གསར་བ་ཞིག་བསླངས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་འཕེལ་རྒྱས་ཡང་བསྐྱར་རིམ་པ་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར། ལོ་ཧོས་ཉིན་གྱིས་བསྟན་དོན། ང་ཚོས་རེབ་འདིའི་བརྗེད་ཐོ་བཀོད་པ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གནས་སྐོར་ཅུའུ་ཡི་རྒྱབ་སྐྱོར་དང་རོགས་རམ་འོག མཚོ་སྔོན་ཞིང་ཆེན་འདི་གསར་དུ་དར་བའི་རྒྱལ་སྤྱི་ཅན་དང་། སྣ་འཛོམས་ཅན། ཁྱད་ཆོས་ཅན་གྱི་གནས་སྐོར་བྱེད་ས་ཞིག་ཏུ་བསྐྲུན་ཏེ། གནས་སྐོར་ལས་རིགས་དེ་མཚོ་སྔོན་གྱི་འཕེལ་རྒྱས་བཞིར་ཡར་སྐུལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིསཡིད་ཆེས་བྱེད་པའི་དེང་རབས་ཀྱི་ཞབས་ཕྱིའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར། ཚེས་གསུམ་ནས་ཚེས་བཞིའི་ཉིན་བར་ཆང་བེ་དང་ལོ་ཧོས་ཉིན་གཉིས་ཀྱིས་ད་རུང་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོ་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་མཆོང་སྐྱོད་ཀྱིས་འཕེལ་རྒྱས་སུ་གཏོང་བ། ཚྭ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སྔར་ལས་དངོས་འབེབས་བྱས་ནས། ཤུགས་ཆེན་པོས་འཁོར་སྐྱོད་དཔལ་འབྱོར་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ། ཁྱད་སྟོབས་ཐོན་ཁུངས་གསར་སྤེལ་དང་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ལས་དོན་འཕེལ་རྒྱས་སུ་གཏོང་བ། དམིགས་བསལ་ཅན་གྱི་དངུལ་ལོར་སྲིད་ཇུས་བརྩོན་ལེན་བྱེད་པ་སོགས་ཐད་ནས། སོ་སོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་དང་མཉམ་དུ་བརྗེ་རེས་བྱས་ནས་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན། རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ད་རུང་མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར་གཏན་ལ་ཕབ།  །