མདུན་ཤོག- གནས་སྐོར།- གནའ་ཤུལ་གྲགས་ཆེན།

བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས།

རྩོམ་པ་པོ། བིས་མདོ་བ་རྡོ་རྗེ་རིན་ཆེན།  ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད》  2014-07-30 11:29

དེ་ཡང་ཕྱི་དར་བསྟན་པའི་མེས་པོ་བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས་ནི། ད་ལྟའི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་ཡ་རྫི་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་གྱིས་ཆོད་པའི་རྒྱ་ཞུར་གྲོང་ཚོ་ན་ཡོད་ཅིང་། བླ་ཆེན་དེ་ཉིད་འཁྲུངས་པའི་སྔ་ཕྱི་ཙམ་ནས་ཡུན་རིང་པོ་ཞིག་ལ་ཡུལ་འདིའི་མི་སྡེ་ནི་སྦྲ་ཁྱིམ་ཤུགས་ཆེ་བས་བླ་ཆེན་འཁྲུངས་གཞིས་ལའང་ད་སྐབས་སྦ(སྦྲ)ཤུལ་ཞེས་གྲགས། གཞིས་ཤུལ་དུ་རབ་རྒྱན་མེ་གླང་།(སྤྱིལོ་1997)ལོར་ཡུལ་དེའི་སྐྱ་སེར་སྤྱི་དང་ཁྱད་པར་མཆོག་སྤྲུལ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཐུགས་ལ་བཏགས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དང་པོ་ནས་བཅུ་པའི་བར་གྱི་ན་བཟའ་དང་། ཤར་སྐུ་ཕྲེང་བདུན་པ་མཆོག་གི་ཚེམས་རྟེན་གཙོར་བཞུགས་པའི་མཆོག་རྟེན་འདི་བླ་ཆེན་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་དད་རྟེན་དུ་བཞེངས་པ་ལགས་སོ། འཁྲུངས་གཞིས་འདི་ལ་ད་ལྟའི་བར་ལོ་ངོ་ཆིག་སྟོང་ཞེ་དྲུག་གི་གནའ་ཤུལ་རིག་དངོས་ཀྱི་ལོ་རྒྱུས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག