མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

ཁྲི་ཀའི་མཆོད་རྟེན་དཀར་པོ།

  ཡོང་ཁུངས། བིས་མདོ་བ་རྡོ་རྗེ་རིན་ཆེན།  2014-07-30 11:29

མདོ་སྨད་ཡུལ་དུ་གྲགས་ཆེ་བའི་ཁྲི་ཀའི་མཆོད་རྟེན་དཀར་པོ་ནི། ད་ལྟའི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཧོ་ཡུན་གྲོང་རྡལ་དང་རྨ་ཀླུང་དལ་གྱིས་འབབ་པའི་བར་ན་ཆགས་ཡོད་ཅིང་། དེ་ནི་བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་བ་ཅན་བྱང་ངོས་སུ་དམག་ལ་བྱོན་སྐབས་རྒྱ་བོད་ཀྱི་ས་མཚམས་སུ་ཁོང་ཉིད་དངོས་སུ་ཕེབས་ནས། དབུ་སྐྲ་ནང་རྟེན་དུ་གནངས་ནས་བཞེངས་པའི་མཆོད་རྟེན་ཞིག་རེད། དེ་ཡང་《མདོ་སྨད་ཆོས་འབྱུང་》དུ་རྒྱའི་གོང་གུ་རྨེ་རུ་བྱ་བར་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ། དེར་བོད་ཀྱི་བཙན་པོའི་གཙུག་ལག་ཁང་དང་རྒྱ་ཉིད་འདིར་དངོས་སུ་ཕེབས་ཤིང་། ཁོང་གི་རལ་བ་ནང་བཞུགས་ཀྱི་མཆོད་རྟེན་ནི་ད་ལྟའི་ཁྲི་ཀར་ཡོད་པ་འདི་ཉིད་ཡིན་ལ། ཁོང་ནི་བོད་རྒྱལ་གདུང་རབས་ལས་བཤད་ཟིན་པ་ལྟར། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་གསུམ་པ་ཡིན་ཞིང་། ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན་པར་བཤད།

བོད་རབ་བྱུང་བཞིན་པའི་ཤིང་འབྲུག་﹙སྤྱི་ལོ1244﹚ལོར་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ཧོར་གོ་དན་རྒྱལ་པོའི་གདན་ཞུས་ལྟར་ས་སྐྱ་ནས་མདོ་སྨད་ཡུལ་དུ་ཆིབས་ཁ་བསྒྱུར་དུས་ཁྲི་ཀའི་མཆོད་རྟེན་དཀར་པོ་ལ་མཇལ་ཞིང་རབ་གནས་ལེགས་པར་མཛད། དེ་བས་འདི་ནི་མདོ་སྨད་ཡུལ་དུ་གྲགས་ཆེ་ཞིང་ཐུགས་རྟེན་བྱིན་ཅན་དུ་བརྩི་བའི་མཆོད་རྟེན་ཞིག་ཡིན། ད་བར་དུ་ལོ་ངོ་ཆིག་སྟོང་ཆིག་བརྒྱ་དྲུག་ཅུ་ལ་ཉེ་བའི་ལོ་རྒྱུས་ཡོད་དོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག