མདུན་ཤོག- གནས་སྐོར།- གནའ་ཤུལ་གྲགས་ཆེན།

ཕོ་བྲང་པོ་ཏ་ལ་འཛམ་གླིང་གི་རང་བྱུང་དང་རྩོལ་བྱུང་མཛེས་ལྗོངས་ཆེན་པོ་བཅུའི་གྲས་སུ་ཚུད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-30 11:32

ཕོ་བྲང་པོ་ཏ་ལ་ནི་དུས་རབས་བདུན་པར་བོད་རྗེ་སྲོང་བཙན་སྒམ་པོས་ཐོག་མར་བཞེངས།འཛམ་གླིང་ཐོག་ས་བབ་ཆེས་མཐོ་ཤོས་སུ་ཆགས་པའི་ཕོ་བྲང་ཡིན།མཐོ་ཚད་ལ་སྨི་སུམ་སྟོང་བདུན་བརྒྱ་ཡོད་པས། འཛམ་གླིང་ཡང་རྩེར་འགྱིང་བའི་མུ་ཏིག་ཞེས་པའི་མཚན་སྙན་འབར།

དབྱིན་ཇིའི«ཉིན་རེའི་སྦྲག་སྲིད་ཚགས་པར»གྱིས་ཉེ་ལམ་དེ་གའི་དྲ་ཚིགས་སུ་འཛམ་གླིང་གི་རང་བྱུང་དང་རྩོལ་བྱུང་མཛེས་ལྗོངས་ཆེན་པོ་བཅུ་རྩིས་བཤེར་གྱིས་གསར་བསྒྲགས་གནང་འདུག་ལ།འཛམ་གླིང་གི་ལྗོངས་རྒྱུ་དཔེ་སྐྲུན་ཁང་གྲགས་ཅན་གྱི་དུས་དེབ«ཁེར་རྐྱང་གི་གོ་ལ»ཞེས་པར་བཀོད་པའི་འཛམ་གླིང་གི་མཛེས་ལྗོངས་ལྔ་བཅུ་ལ་གྲངས་བཤེར་བྱས་པ་ལས་མཛེས་ལྗོངས་ཆེན་པོ་བཅུ་བདམས་ཐོན་བྱུང་།རང་བྱུང་ཁམས་ཀྱི་ཆགས་ཚུལ་དང་འཛམ་གླིང་གི་རྩོལ་བྱུང་མཛེས་ལྗོངས་ནི་རྟེན་ཅིང་འབྲེལ་བར་གནས་པས་གཟི་དཔལ་ཀུན་ན་འཚེར། གསར་བསྒྲགས་གནང་བའི་རང་བྱུང་དང་རྩོལ་བྱུང་མཛེས་ལྗོངས་ཆེན་པོ་བཅུའི་ནང་དུ། ཀྲུང་གོའི་དུར་རྫས་རྫ་བཟོས་གྱད་རྟ་དང་།ལྕགས་རི་རིང་པོ།ཕོ་བྲང་པོ་ཏ་ལ་བཅས་གསུམ་ཚུད་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག