མདུན་ཤོག- གནས་སྐོར།- མཚར་སྡུག་ཡུལ་སྲོལ།

ཕྲུ་གུ་དམར་འབྱར་ལ་སྲེ་ནག་བྱུག་པའི་སྲོལ།

  ཡོང་ཁུངས། མཚོ་སྔོན་པོ་དྲབ།  2014-08-21 16:23

བོད་མིས་ཕྲུ་གུ་དམར་འབྱར་ཕྱིར་ཁྲིད་དུས་ཕྲུ་གུའི་སྣ་ཁུག་ཐོག་ཏུ་སྲེ་ནག་བྱུག་པའི་སྲོལ་ཞིག་གང་སར་མཐོང་རྒྱུ་ཡོད། དེའི་དགོས་པ་གང་ཡིན་ཟེར་ན། བོད་པ་རྣམས་ཀྱི་གནའ་སྲོལ་ལྟར་ན། རང་ཡུལ་གྱི་མཛེས་ཆའམ་བཟང་ཆ་རྣམས་ཕྱོགས་ཀྱི་མི་འམ་ལྷ་འདྲེ་གང་རུང་གི་དོ་སྣང་བྱ་ཡུལ་དུ་གྱུར་བས་ན། དེར་མི་ཁ་ཟུག་པ་དང་ཡང་ན་འདྲེ་ཡི་གནོད་པ་ཡོང་པར་ངོས་བཟུང་ནས་ཆེད་མངགས་རང་ཕྱོགས་འཇིགས་སུ་རུང་བའི་གཟུགས་སུ་གྲུབ་ནས། ཕར་ཕྱོགས་ཀྱི་གནོད་པ་འགོག་པའི་ཐབས་ལམ་ཞིག་ཡིན་པར་གྲགས། ལྷ་དང་འདྲེ་ཡི་གནོད་པ་ཡོད་མེད་ཁོ་བོས་བརྗོད་ཤིན་ཏུ་དཀའ་རུང་། ཕྲུ་གུ་ཆུང་ཆུང་དག་ལ་གཞན་གྱི་ལག་པ་འཆང་རྒྱུ་མང་ན། དེར་ནད་ཡམས་ཀྱི་འཇིགས་པ་ཡོང་བ་ཚན་རིག་དང་གཞི་མཐུན་པ་མ་ཟད། དེའི་ཐོག་ནས་བོད་པ་རྣམས་ཀྱིས་རང་གི་བཟང་ཆའམ་དགེ་མཚན་རྣམས་གཞན་ལ་གསང་བ་བྱེད་པའི་བསམ་པ་ཞིག་མངོན་པར་དུ་བསྟན་ཡོད། དེ་ཡང་ཞེ་སྡང་གི་བསམ་ངན་རྣམས་བཟློག་པར་བྱེད་པའི་གནའ་བོའི་ཐབས་ཤེས་ཤིག་ཡིན་པར་གདོན་མི་ཟའོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག