མདུན་ཤོག- གནས་སྐོར།- མཚར་སྡུག་ཡུལ་སྲོལ།

ལོ་འཁོར་མེ་ལོང༌།

  ཡོང་ཁུངས། བོད་ཀྱི་ཡུལ་སྲོལ་དྲ་གནས།  2014-08-21 16:24

ཆོས་ལུགས་ཀྱི་བག་ཆགས་ཟབ་མོས་རྐྱེན་པས་བོད་མིའི་བསམ་པའི་ནང་ལྷ་འདྲེའི་གནོད་པ་དང༌། བགེགས་དང་བར་ཆད་མི་ཡོང་ངམ་སྙམ་པའི་རྣམ་རྟོག་ཆེན་པོ་ཡོད། དེར་བརྟེན་བོད་མིས་གནོད་པ་འགོག་རྒྱུ་དང་བར་བཟློག་ཐུབ་ཆེད་ཐབས་སྣ་ཚོགས་བྱེད་སྲོལ་ཡོད། དེའི་ནང་ནས་རྐེད་པར་མེ་ལོང་འདོགས་པ་དེ་ཡང་ནག་རྩིས་ཀྱི་སྲུང་ཐབས་གཅིག་ཡིན། མེ་ལོང་གི་མདུན་ངོས་སུ་པར་ཁ་དང༌། རྨེ་བ། ལོ་འཁོར་བཅུ་གཉིས་དང་རྫི་པར་སོགས་ཀྱི་རི་མོ་བྲིས་ཡོད་པས་དེ་རྐེད་པར་བཏགས་ན་བུམ་སྟོང་ལ་སོགས་པའི་ཁ་ཕྱོགས་ངན་པ་དང༌། གཟའ་སྐར་ངན་པ་བཟློག་པ་མ་ཟད། ས་བདག་ཀླུ་གཉེན་གྱི་གནོད་པ་འགོག་ཐུབ་པའི་ཟེར་སྲོལ་ལ་བརྟེན་ནས་མེ་ལོང་འདོགས་པའི་སྲོལ་དེ་ཆགས་པ་མིན་ནམ་སྙམ་པ་འདུག འོན་ཀྱང་རྩ་བ་འཛིན་ས་ཡོད་པའི་ཡིག་རིགས་སོགས་ལག་སོན་མ་བྱུང་པས་དཔྱད་གཞི་ཙམ་དུ་ཕུལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག