ཀྲུང་གོ་བོད་ཀྱི་དྲ་བ།

ཁང་པ་བཙོངས་ན་ཆུང་མས་ངེས་པར་མིང་རྟགས་འགོད་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ལ་སྡོད་ཁང་ཞིག་ཡོད་ལ། ཉོ་སྐབས་ཆུང་མར་ཤེས་སུ་བཅུག་མེད། ད་ལྟ་ངས་ཁང་པ་དེ་ཕྱི་རུ་བཙོང་རྩིས་ཡོད་ལ། ཁང་པའི་དུད་ཐོ་བསྒྱུར་བའི་སྐབས་སུ་སྡོད་ཁང་དོ་དམ་ཅུས་ཀྱིས་ངེས་པར་ཆུང་མས་མིང་རྟགས་འགོད་དགོས་པར་བཤད། སྡོད་ཁང་དོ་དམ་ཅུས་ཀྱི་བཤད་ཚུལ་འདི་འགྲིག་གམ།

ཀློག་པ་པོ་བསོད་རྡོ་ནས།

བློ་མཐུན་བསོད་རྡོ་ལགས།

གཉེན་འབྲེལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཟའ་ཟླ་གཉིས་ཀྱིས་ཁ་ཆད་བཞག་ཡོད་ན་མ་གཏོགས། གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་ཀྱི་ཕྱོགས་གཉིས་ཀའི་ཡོང་སྒོ་ཡོད་ཚད་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་པས། གལ་ཏེ་ལྡོག་ཕྱོགས་ཀྱི་དཔང་རྟགས་འདོན་མ་ཐུབ་ན། ཁྱོད་ཀྱིས་གཉེན་སྒྲིག་འབྲེལ་བ་གནས་པའི་སྐབས་སུ་ཉོས་པའི་སྡོད་ཁང་དེ་ནི་ཁྱེད་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན། ཁྱོད་ཀྱིས་ཁྱོད་གཅིག་པུས་མིང་ཐོག་ཏུ་ཐོ་འགོད་བྱས་ཡོད་ནའང་། སྡོད་ཁང་ནི་སྔར་བཞིན་ཁྱེད་བཟའ་ཟླ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ནོ། །དེ་བས་ཁྱོད་ཀྱིས་སྡོད་ཁང་གི་དུད་ཐོ་བསྒྱུར་སྐབས་སྡོད་ཁང་དོ་དམ་ཅུས་ཀྱིས་ངེས་པར་ཆུང་མས་མིང་རྟགས་འགོད་དགོས་པ་བཤད་པ་དེ་ནི་ལུགས་མཐུན་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།