ཀྲུང་གོ་བོད་ཀྱི་དྲ་བ།

གཞན་གྱི་འདྲ་པར་སྤྱད་དེ་བཟོ་ལྟ་སྣ་ཚོགས་བཟོས་རྗེས་གང་སར་བསྐུར་ན་ཁེ་དབང་ལ་གནོད་འཚེ་བཏང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020140801341818027060.jpg

དཔེ་མཚོན་གྱོད་གཞི།

སྒྲོལ་མ་སྐྱབས་ཀྱི་གྲོགས་པོས་སྒྲོལ་མ་སྐྱབས་ཀྱི་བསམ་འཆར་བསྡུ་ལེན་མ་བྱས་པར་མཉེན་ཆས་སྤྱད་དེ་སྒྲོལ་མ་སྐྱབས་ཀྱི་འདྲ་པར་ལ་བཟོ་ལྟ་སྣ་ཚོགས་སྦྱར་ཏེ་སྐད་འཕྲིན་ཚོགས་པ་སོ་སོར་བསྐུར་པ་རེད། དེ་ན་བྱ་སྤྱོད་འདི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས་སམ།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲིའི་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་པའི་ནང་དུ“ཁྲིམས་ནུས་ཐོན་པའི་བྱ་སྤྱོད་སྤེལ་མཁན་གྱིས་ནོར་འཁྲུལ་གྱི་དབང་གིས་མི་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་ན། ངེས་པར་དབང་ཆར་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་དགོས”ཞེས་གཏན་འཁེལ་བྱས་ཡོད་པ་དང་། དོན་ཚན་བཅོ་ལྔ་པའི་ནང་དུ“དབང་ཆར་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་སྟངས་ལ་འདི་དག་ཡོད་པ་སྟེ། 1.གནོད་འཚེ་གཏོང་མཚམས་འཇོག་པ། 2.བཀག་རྐྱེན་མེད་པར་བཟོ་བ། 3.ཉེན་ཁ་མེད་པར་བཟོ་བ། 4.རྒྱུ་ནོར་ཕྱིར་སློག་པ། 5.གནས་བབ་སླར་གསོ་བྱེད་པ། 6.གྱོང་གུན་ལ་སྐྱིན་ཚབ་འཇལ་བ། 7.དགོངས་དག་ཞུ་བ། 8.ཤུགས་རྐྱེན་མེད་པར་བཟོས་ཏེ། མཚན་སྙན་སླར་གསོ་བྱེད་པ་བཅས་ཡིན། གོང་གི་དབང་ཆར་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་སྟངས་དེ་དག་ནི་སོ་སོར་སྤྱད་ཆོག་ལ། མཉམ་དུ་སྤྱད་ཀྱང་ཆོག་པ”ཞེས་གཏན་འཁེལ་བྱས་ཡོད། དོན་ཚན་ཉེར་གཉིས་པའི་ནང་དུ“གཞན་གྱི་ཁེ་དབང་ལ་གནོད་འཚེ་བཏང་སྟེ། གཞན་གྱི་སེམས་ཁམས་ལ་གནོད་འཚེ་ཚབས་ཆེན་བཟོས། གནོད་འཚེ་ཐེབས་མཁན་གྱིས་སེམས་ཁམས་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག”ཅེས་གཏན་འཁེལ་བྱས་ཡོད།

གཞན་གྱི་བསམ་འཆར་བསྡུ་ལེན་མ་བྱས་པར། མི་གཞན་གྱི་འདྲ་པར་སྤྱད་དེ་བཟོ་ལྟ་སྣ་ཚོགས་བཟོས་རྗེས་ཚོགས་པ་སོ་སོར་བསྐུར་ན། ཁེ་དབང་ལ་གནོད་འཚེ་བཏང་ཡོད་པས། སྒྲོལ་མ་སྐྱབས་ཀྱིས་ཁོའི་གྲོགས་པོར་གནོད་འཚེ་གཏོང་མཚམས་འཇོག་དགོས་པའི་རེ་བ་བཏོན་ཆོག་པར་མ་ཟད། སེམས་ཁམས་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་གོ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།