ཉེ་ཆར། ངེད་ཚང་གི་ཁྱིམ་མཚེས་ཀྱིས་ཁེར་ཐོག་གི་ཁང་པའི་ནང་ཟ་ཁང་ཕྱེ་བས། སྣུམ་དང་དུ་བ་མང་པོ་བྱུང་སྟེ། གཞིས་ཁུལ་ཡོངས་ལ་གནོད་པ་ཐེབས། འདིར་འདྲི་རྒྱུ་ཞིག་ནི། ང་དང་ཁང་བདག་གཞན་པ་རྣམས་ལ་དེ་བཀག་འགོག་བྱེད་རྒྱུའི་དབང་ཆ་ཡོད་དམ།
ཀློག་པ་པོ་རིན་ཆེན་ནས།
བློ་མཐུན་རིན་ཆེན་ལགས།
ཁང་བདག་གིས་བཅའ་ཁྲིམས་ཁྲིམས་སྲོལ་དང་གཞིས་ལས་དོ་དམ་ཕྱོགས་ཀྱི་གཏན་འཁེལ་ཁ་ཆད་ལ་འགལ་ནས། སྡོད་ཁང་ནང་དུ་ཚོང་གཉེར་རང་བཞིན་གྱི་ཟ་ཁང་ཕྱེ་མི་ཆོག་པ་རེད། གལ་ཏེ་ཁང་བདག་གིས་ཁང་པའི་སྤྱོད་ཡུལ་བསྒྱུར་དགོས་ན། བཅའ་ཁྲིམས་ཁྲིམས་སྲོལ་དང་གཞིས་ལས་དོ་དམ་གྱི་གཏན་འཁེལ་ཁ་ཆད་ཀྱི་གོ་རིམ་ལག་བསྟར་བྱེད་དགོས་པ་ལས་གཞན། ད་རུང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཁང་བདག་གཞན་དག་འཐད་པ་འབྱུང་དགོས། དེའི་རྐྱེན་གྱིས་ཁང་བདག་གིས་སྡོད་ཁང་དེ་ཚོང་གཉེར་ཁང་པར་བསྒྱུར་ན། ངེས་པར་མཐའ་འཁོར་གཞིས་དམངས་ཀྱི་འཚོ་བར་གནོད་འཚེ་མི་ཐེབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྱེད་དགོས་པར་མ་ཟད། ད་རུང་ཁྱིམ་མཚེས་གཡས་གཡོན་དག་འཐད་པ་འབྱུང་དགོས་སོ། །