གཏན་ཚིགས་ཀྱི་ཟིལ་ཤུགས།

ཧ་ལམ་མི་ལོ2500འདས་པའི་ཡར་སྔོན་དུ་སུའུ་ཀུ་ར་ཏིས་(苏格拉底)སྒྱུ་རྩལ་ཅིག་གམ་ཚན་རིག་ཅིག་གསར་འདོན་གནང་ཞིང་ད་ལྟའི་ཆར་ངེད་ཅག་གིས་དེ་ལ་གཏན་ཚིགས་ཀྱི་རིགས་འདེད་ཅེས་བརྗོད་པ་ཡིན། སུའུ་ཀུ་ར་ཏིས་རྩད་ཞིབ་རབས་དང་རིམ་པ་བརྒྱུད་ཅིང་ཕྱི་རབས་པས་བརྗོད་པའི“སུའུ་ཀུ་ར་ཏིའི་ཐབས་ཤེས”བརྒྱུད་དེ་དྲི་ལན་བཙལ་བར་མ་ཟད། དྲི་ལན་དེ་དག་ལ་ཚོད་དཔག་གིས་བཅད། ཐབས་ཤེས་དེ་ཉིད་བརྒྱུད་དེ་ཁོང་གིས་གནས་ཚུལ་རྙོག་དྲ་ཅན་མང་པོའི་ལྟག་རྒྱབ་ཀྱི་གནད་ཀྱི་དོན་པོ་བཙལ་བར་མ་ཟད། “རྒྱུན་ཤེས”ཀྱིས་ཞུ་རྗེས་བདེན་རྫུན་གཅོད་ཐུབ་ཅིང་དེར་གནས་ལུགས་ལྡན་པར་བསམ་ཡང་དོན་དུ་ཁུངས་ལུང་མེད་པའི་བཤད་སྟངས་དག་གི་ལྟག་ཏུ་སྦས་པའི་དངོས་དོན་དགྲོལ་མི་ཐུབ།

གཏམ་རྒྱུད་ཐུང་ངུ་ལས་གཏན་ཚིགས་ཀྱི་ཟིལ་ཤུགས་མངོན་པར་མཚོན་ཐུབ།

སྐུ་ཞབས་ཧིན་རེ་ཧུའུ་མེ་དོར་གྱིས་ཐ་མག་སི་ཀར་(雪茄烟)རྩེ་གྲ་སྒམ་གང་ཉོས། སི་ཀར་གྱི་རིན་གོང་ཤིན་ཏུ་མཐོ་སྟབས་གྱོང་གསབ་ནང་ཞུགས། གྱོང་གསབ་ཀྱི་ཁ་ཆད་དུ་སི་ཀར་གློ་བུར་བའི་ཆག་སྒོར་ཕྲད་པའམ་སྒོས་སུ་མེ་སྐྱོན་བྱུང་སྟེ་མེད་བརླག་ཏུ་གྱུར་ཚེ་གྱོང་གསབ་ཀུང་ཟིས་ཨ་སྒོར་ཆིག་ཁྲི་ལྔ་སྟོང་གི་སྐྱིན་ཚབ་གཞལ་དགོས།

ཟླ་གཅིག་གི་རྗེས་སུ་ཧིན་རེས་སི་ཀར་ཡོད་ཚད་རྔུབ་ཚར་རྗེས་གྱོང་གསབ་ཀུང་ཟི་ལ་སྐྱིན་ཚབ་སྤྲོད་དགོས་ཚུལ་གྱི་རེ་བ་བཏོན། གྱོང་གསབ་ཞུ་བའི་རེ་བ་ལས་ཧིན་རེས་རྩ་ཆེ་བའི་སི་ཀར་འདི་དག“མེ་སྐྱོན་ཆུང་ངུ་རབས་དང་རིམ་པའི་དོན་རྐྱེན”ལས་མེད་བརླག་ཏུ་གྱུར་ཚུལ་བཤད། གྱོང་གསབ་ཀུང་ཟིས་སྐྱིན་ཚབ་སྤྲོད་རྒྱུ་ཁས་མ་བླངས་ཤིང་དེའི་རྒྱུ་མཚན་ཤིན་ཏུ་གསལ་བོ་ཡིན་ཏེ། ཧིན་རེས་སི་ཀར་རྒྱུན་ལྡན་ངང་བེད་སྤྱད་པས་ཡིན།

དེ་བས། ཧིན་རེས་གྱོང་གསབ་ཀུང་ཟི་ཁྲིམས་ཁ་རུ་བསྐྱལ་བར་མ་ཟད་བདེ་ལེགས་ངང་ཁ་མཆུ་ཐོབ།

བཅད་ཁྲ་སྒྲོག་འདོན་བྱེད་དུས་ཁྲིམས་དཔོན་གྱི་བསམ་པར་ཧིན་རེ་ཡིས་གྱོང་གསབ་ལེན་པ་ནི་ཞེ་འདོད་བརྣབ་སེམས་བཅངས་པ་ཞིག་ཡིན་སྙམ་ཡོད། འོན་ཀྱང་གྱོང་གསབ་འཛིན་ཡིག་ཏུ་སི་ཀར་ལ་གྱོང་གསབ་སྤྲོད་པ་དང་སྒོས་སུ་མེ་སྐྱོན་བྱུང་ན་ལྷག་ཏུ་གྱོང་གསབ་སྤྲོད་དགོས་པར་མ་ཟད“མེ་སྐྱོན”གང་དག་ལ་སྐྱིན་ཚབ་མི་གཞལ་བའི་དབྱེ་མཚམས་གསལ་བོར་བཅད་མེད་གཤིས། གྱོང་གསབ་ཀུང་ཟིས་གྱོང་གསབ་འཛིན་ཡིག་ཏུ་བཀོད་པའི་འོས་འགན་ལྟར་ཧིན་རེ་ལ་སྐྱིན་ཚབ་གཞལ་དགོས།

གྱོང་གསབ་ཀུང་ཟིས་ཧིན་རེ་ལ་སྒོར་ཆིག་ཁྲི་ལྔ་སྟོང་གི་གྱོང་གསབ་སྤྲད་ཟིན་ནའང་དོན་དག་གི་མཇུག་ཡོངས་སུ་སྒྲིལ་མེད། ཧིན་རེས་དངུལ་བྱང་ལག་ཏུ་བསྣམས་ཏེ་དངུལ་སྨར་ལ་བརྗེ་ལོང་མ་བྱུང་བར་ཉེན་རྟོག་པས་ཁྲིད་སོང་། རྒྱུ་མཚན་ནི་ཉེན་རྟོག་པར་ཧིན་རེ་ལ་མེ་བཏང་བའི་དོགས་གཞི་ཡོད་པའི་ཞུ་གཏུག་ཅིག་འབྱོར་ཡོད། ཁྲིམས་ཁ་རུ་ལས་ཚན་པ་དག་གིས་གྱོང་གསབ་ཀུང་ཟིས་མཁོ་འདོན་བྱས་པའི་མེ་བཏང་བའི་ཟིན་ཐོའམ་ཧིན་རེའི་གྱོང་གསབ་ལེན་བྱེད་ཀྱི་ཡིག་ཆ་ལྟར་ཞུ་སྦྱོར་བྱས་པས། ཧིན་རེས་ཐེངས་གཅིག་མ་ཡིན་པར་ད་ལྟ་ཐེངས་ཉེར་བཞིར་གཡོ་ལེན་སྣ་ཚོགས་བྱས་སྟབས། མཐའ་གཞུག་ཟླ25ལ་བཙོན་དུ་བཀག་ཉར་བྱ་རྒྱུ་དང་སྒོར་ཉིས་ཁྲི་བཞི་སྟོང་གི་ཆད་པ་བཅད།  །

《一本小小的蓝色逻辑书》ཞེས་པ་ལས་བདམས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།