ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཁྲིམས་རྩོད་པའི་ལམ་ལུགས་བཅོས་སྒྱུར་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་ཁྲིམས་རྩོད་པའི་ལམ་ལུགས་བཅོས་སྒྱུར་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་དེ་བསྡོམས་པས་ཁག་དྲུག་དང་དོན་ཚན་ཉེར་དགུ་རུ་བགར་ཡོད་ལ། དེའི་ནང་དུ་ཁྲིམས་རྩོད་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་རེ་བ་ནས་ཁྲིམས་རྩོད་པའི་ལས་གཉེར་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་བར་དང་ཁྲིམས་རྩོད་པའི་ལས་གཉེར་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ། ཁྲིམས་རྩོད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་རྩོད་པས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཕྱོགས་ནས་ཁྲིམས་རྩོད་པའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། འཕེལ་རྒྱས་དམིགས་འབེན་དང་ལས་འགན་བྱེད་ཐབས་བཅས་བཏོན་ཡོད།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།