ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཐུར་ཁེ་རྒྱལ་ཁབ་ཏུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུའུ་ཨར་གྲོང་ཁྱེར་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ནས་ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་སྟེ་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་། ཙུང་ཐུང་ཨེ་ཨར་ཏོ་ཨན་དང་འདས་པོའི་ཁྱིམ་མི། དེ་མིན་རྨས་མ་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མེ་མདས་བརྒྱབ་པའི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་བ་དང་། བློ་ཐག་རྦད་ཆོད་སྒོས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་མ་ཟད། ཐུར་ཁེ་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མཉམ་ལས་བཟང་བོ་བྱས་ནས། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་མཉམ་དུ་འགོག་སྲུང་དང་དེ་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཚེས་གཉིས་ཉིན་ཐུར་ཁེ་རྒྱལ་ཁབ་ཀྱི་ཙུང་ལི་ཡེ་ཨར་ཏི་ལེ་མུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་། ཙུང་ལི་ཡེ་ཨར་ཏི་ལེ་མུའུ་དང་འདས་པོའི་ཁྱིམ་མི། དེ་མིན་རྨས་པ་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།