ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སེར་ཝེ་ཡའི་ཙུང་ཐུང་ཉི་ཁི་ལིས་ཆི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a34b76acc152db0bf46bd55994dd340f.jpg

ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེར་ཝེ་ཡའི་ཙུང་ཐུང་ཉི་ཁི་ལིས་ཆི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེར་ཝེ་ཡའི་ཙུང་ཐུང་ཉི་ཁི་ལིས་ཆི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སེར་ཝེ་ཡའི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དང་དངོས་གཉེར་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་གྲོས་མོལ་མཛད་དེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་མཉམ་ལས་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཉི་ཁི་ལིས་ཆི་ཡིས་བཤད་རྒྱུར། སེར་ཝེ་ཡ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་མཉམ་ལས་རྒྱ་བསྐྱེད་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་སེར་ཝེ་ཡར་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་ཡིན། སེར་ཝེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། ཞིང་ཐོན་དངོས་རྫས་བརྗེ་རེས་ཇེ་མང་དུ་བཏང་ནས། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་གོ་སྐབས་གསར་གཏོད་བྱེད་ངེས་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།