རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་ཀྲུང་གོ་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པས་ཝུན་ལེ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་ཀྲུང་གོ་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པས་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཝུན་ལེ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པར་མ་ཟད། ས་གནས་སྲིད་གཞུང་ལས་ཁུངས་དང་ཆོས་ལུགས་ལས་རིགས། སྨྱན་བྱད་ལས་ཁུངས་བཅས་ཀྱི་མི་སྣ་དང་བསམ་ཚུལ་བརྗེ་བྱས། 

འཐུས་ཚབ་ཚོགས་པས་ཀྲུང་གོའི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དང་དེ་མིན་འབྲེལ་ཡོད་སྲིད་ཇུས་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་ལག་ལེན་བྱས་པའི་གྲུབ་འབྲས་དྲིལ་སྒྲོག་བྱས་ཤིང་། ཞིན་ཅང་གིས་རིག་གནས་དང་སློབ་གསོ། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་བྱས་པར་མ་ཟད། ས་གནས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་ཞིན་ཅང་དང་ཝུན་ལེ་ཡིས་མི་རིགས་ཆོས་ལུགས་ལས་དོན་དང་དེ་མིན་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།