ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་ཞུགས་སློབ་མ་སྐོར་གཉིས་པའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བཅུ་དྲུག་ཉིན་ཉིས་སྟོང་བཅུ་བདུན་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་ཞུགས་སློབ་མ་སྐོར་གཉིས་པའི་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱས་ཏེ། རང་གི་མགོ་ཁྲིད་ལས་གནས་དང་འཚམ་པའི་ཆབ་སྲིད་ཀྱི་མིག་རྒྱ་དང་གཞུང་ལུགས་ཀྱི་ནུས་པ། བྱ་བའི་ནུས་ཤུགས་བཅས་ལྡན་པར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་བསྟན་དོན། གསུངས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་ཟབ་མོ་བྱེད་ན། གལ་ཆེ་བ་ནི་དེའི་ཁྲོད་ཀྱི་དད་མོས་ཀྱི་ཡིད་ཆེས་བརྟན་པོ་དང་། མི་དམངས་ཀྱི་ལངས་ཕྱོགས་གསལ་པོ། ལོ་རྒྱུས་ཀྱི་ཁག་ཁུར་དྲག་པོ། དངོས་གཉེར་བདེན་འཚོལ་གྱི་སྤྱོད་ཚུལ། གསར་སྐྲུན་བྱེད་ཕོད་པའི་འདུ་ཤེས་དང་ཚན་རིག་གི་བརྟག་ཐབས་སྨྲ་བ་བཅས་ལ་གོ་བ་ཡང་དག་ལེན་དགོས། སློབ་སྦྱོང་ཟབ་མོ་བྱས་པ་བརྒྱུད་དེ་དགོངས་དོན་གྱི་ཉིང་བཅུད་སྣོན་པ་དང་། བསམ་བློའི་ལུས་ཟུངས་རྒྱས་པར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་དགོས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སུའི་ཆེད་དུ་ཡིན་པ་དང་། སུ་ལ་བརྟེན་པ། རང་ཉིད་སུ་ཡིན་པ་བཅས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། གསུང་བཤད་གལ་ཆེན་རབ་དང་རིམ་པ་ནང་དུ་འདུ་བའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་དོན་གྱི་སྙིང་པོ་མཚོན་ཡོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རིག་གནས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་མཚོན་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ང་ཚོའི་ཏང་གིས་བབ་བསྟུན་མདུན་སྐྱོད་བྱེད་པའི་གསར་སྐྲུན་གསར་གཏོད་མཚོན་ཡོད་པས། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ནུས་པ་ཇེ་ཆེར་གཏོང་བའི་ཐད་དུ་དངོས་འབེབས་དང་། རང་སྣང་གི་འཇིག་རྟེན་གྱི་བསྒྱུར་བཀོད་བྱེད་པའི་སྟེང་དངོས་འབེབས། མགོ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཕྱོགས་དངོས་འབེབས་བཅས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།