ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ།
ཨང་གསུམ་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས2018ལོའི་ཟླ3པའི་ཚེས20ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ལ། སྤྱི་བསྒྲགས་བྱས་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས།
2018ལོའི་ཟླ3པའི་ཚེས20ཉིན།