ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་མ་དངུལ་མགྱོགས་མྱུར་བཏང་ནས་སི་ཁྲོན་ཁྲང་ཉིང་གི་ཡོམ་འགོག་གེགས་སེལ་ལ་རོགས་རམ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1བཏང་ནས་ཁྲང་ཉིང་གི་ས་ཡོམ་རིམ་པ6.0གི་གེགས་ཁུལ་སྲིད་གཞུང་གིས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

ནོར་སྲིད་པུའུ་ཡིས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཉེན་སྐྱོབ་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་འོས་འཚམ་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།