ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་བཅོས་སྒྱུར་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། རང་རྒྱལ་གྱིས་ལོ་དྲུག་ཅུ་ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། གྲངས་ཀ་མང་ཞིང་རིགས་ཕུན་སུམ་ཚོགས་པ་དང་། ནུས་པ་གང་མང་ལྡན་པའི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་དང་རང་བྱུང་ཤུལ་བཞག་རིག་གནས་སྲུང་ཉར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་ནུས་པ་གལ་ཆེན་བཏོན། ཡིན་ནའང་སྲུང་སྐྱོབ་དང་འཕེལ་རྒྱས་བར་གྱི་འགལ་བ་འབུར་ཐོན་ཡིན་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་མྱུར་དུ་འཛུགས་པ་དང་། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་པ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་བསམ་འཆར་དང་རེ་བ་བཏོན།

མཛུབ་སྟོན་བསམ་འཆར་ལས་ད་དུང་སྤྱིའི་རེ་བ་དང་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གསར་སྐྲུན་བྱེད་པ། གཅིག་གྱུར་ཚད་ལྡན་དང་ཕན་འབྲས་ལྡན་པའི་དོ་དམ་སྒྲིག་སྲོལ་འཛུགས་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་པ། བྱེད་ཐབས་འགན་སྲུང་བྱེད་པར་བཀོད་སྒྲིག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།