ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་ཁྱིམ་སྲོལ་འཛུགས་སྐྲུན་ལ་དོ་སྣང་བྱེད་པར་དམིགས་ནས་བསྡུས་པའི་དྲ་རྒྱའི་སྲིད་གླེང་རྒྱང་རྟེན་གྲོས་མོལ་གྲོས་ཚོགས་ལ་འགོ་མཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ནས་དྲ་རྒྱའི་སྲིད་གླེང་རྒྱང་རྟེན་གྲོས་མོལ་གྲོས་ཚོགས་བསྡུས་པ་དང་། གྲོས་དོན་ནི་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་ལ་དོ་སྣང་བྱེད་རྒྱུ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་ནི་ཁྱིམ་ཚང་གི་དོན་དག་ཡིན་ལ། རྒྱལ་ཁབ་ཀྱི་དོན་དག་ཡང་ཡིན་པ་དང་། མི་སྒེར་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས། རྒྱལ་ཁབ་དར་རྒྱས་གོང་འཕེལ་ལ་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱིམ་ཚང་གི་གཙོ་གཞི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ། དེ་དང་མཉམ་དུ་ཏང་དང་སྲིད་གཞུང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། ཁྱིམ་ཚང་ལ་དོ་སྣང་དང་ཁྱིམ་ཚང་སློབ་གསོ་ལ་དོ་སྣང་། ཁྱིམ་སྲོལ་ལ་དོ་སྣང་བྱེད་པའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ནས། ཁྱིམ་ཚང་མང་པོ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་མི་རིགས་ཡར་ཐོན་ཡོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྟེན་གཞི་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཟེར།

སྲིད་གྲོས་ཨུ་ཡོན་དང་ཁྱིམ་ཚང་གི་འཐུས་ཚབ་པ་བཅོ་ལྔས་རྒྱལ་ཡོངས་སྲིད་གྲོས་དང་ཐེན་ཅིན། ཧྲང་ཧེ། ཧྲན་ཏུང་། ཧྲན་ཞི་བཅས་ཚོགས་ར་ལྔ་དང་ཡང་ན་ཁ་པར་གྱི་ལམ་ནས་གཏམ་བཤད་པ་དང་། ཨུ་ཡོན་ཉིས་བརྒྱ་དང་དྲུག་ཅུ་ཡིས་སྤོ་སྒུལ་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་གྲོས་གཞི་བཏོན། ཚང་མས། གྲོང་གསེབ་ཅན་དུ་བསྒྱུར་བ་དང་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རང་རྒྱལ་གྱི་སྲོལ་རྒྱུན་ཁྱིམ་ཚང་གི་གྲུབ་ཚུལ་ལ་ལེགས་སྒྲིག་བྱས་པ་དང་། གཉེན་སྒྲིག་དང་ཁྱིམ་ཚང་གི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད་ལ། ཁྱིམ་ཚང་གི་རྩོལ་ནུས་ཉམས་ཞན་དུ་གྱུར་བ་དང་ཁྱིམ་ཚང་སློབ་གསོ་མེད་པ། ཁྱིམ་སྲོལ་རིག་གནས་ལ་གས་སྲུབས་བྱུང་བ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

ཨུ་ཡོན་ཚོས། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་ནི་རྙོག་འཛིང་ཆེ་བའི་མ་ལག་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པ་དང་ཡུན་རིང་བོར་གྲུབ་འབྲས་ལེན་དགོས། གོང་རིམ་འཆར་འགོད་ལ་ཤུགས་བསྣན་ནས། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཁོག་གི་འཆར་འགོད་ཁྲོད་འཇོག་དགོས། ཁྱིམ་ཚང་སློབ་གསོ་དེ་དེང་རབས་སློབ་གསོ་ལམ་ལུགས་མ་ལག་ཁྲོད་འཇོག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྱིམ་སྲོལ་འཛུགས་སྐྲུན་ཁྲོད་འཇོག་དགོས། གཞི་རིམ་བཅོས་སྐྱོང་ལ་གསར་གཏོད་བྱས་ཏེ། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གདེང་འཇོག་དང་དཔྱད་ཞིབ་ནང་དོན་ཁྲོད་འཇོག་དགོས། མཁར་གྲོང་གི་དཀའ་ཁག་ཆེ་བའི་ཁྱིམ་ཚང་དང་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པ། དབང་བོ་སྐྱོན་ཅན་གྱི་བྱིས་པ་བཅས་ལ་སྔར་ལས་སེམས་ཁུར་དང་གཟིགས་སྐྱོང་བྱས་ནས། མི་ཚང་མས་ཁྱིམ་ཚང་གི་དྲོད་ཁོལ་མྱོང་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : བསམ་ནོར།