རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་ཕྱོགས་ལྔའི་སྲིད་ཇུས་དང་བྱེད་ཐབས་བཏོན། གཅིག ཚོང་རར་ཞུགས་པའི་ཆ་རྐྱེན་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱི་མཉམ་ལས་མ་རྩ་ཇེ་དམའ་རུ་གཏོང་དགོས། གཉིས། ལྟ་སྐུལ་དོ་དམ་འདུ་ཤེས་དང་རྣམ་པ་གསར་སྐྲུན་བྱས་ཏེ་ཞིབ་བཤེར་ལ་གཟབ་ནན་དང་ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། གསུམ། སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལས་རྣམ་གསར་བར་སྐུལ་མ་བཏང་ནས་འཕར་ས་གསར་བ་མྱུར་དུ་གསོ་སྐྱོང་བྱེད་དགོས། བཞི། སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱས་ཏེ་ལས་རྣམ་གསར་བའི་འཕེལ་རྒྱས་རྨང་གཞི་ས་བརྟན་དུ་གཏོང་དགོས། ལྔ། སྟེགས་བུའི་དཔལ་འབྱོར་ཁྲོད་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།