ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲིན་ཀྲིན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་པའི་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་གིས་ཧྲིན་ཀྲིན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་པའི་བསམ་འཆར་དཔར་ནས་བཀྲམ།

བསམ་འཆར་ལས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་ནས་བཟུང་། ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ཁུལ་ནི་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ལ། ལས་དོན་སོ་སོར་གྲུབ་འབྲས་མངོན་གསལ་ཡིན་པ་མ་ཟད། གསོན་ཤུགས་དང་འགུག་ཤུགས། སྟོབས་ཤུགས། གསར་སྐྲུན་གྱི་ནུས་ཤུགས་བཅས་འཛོམས་པའི་རྒྱལ་སྤྱིའི་རང་བཞིན་གྱི་གསར་དར་གྲོང་ཁྱེར་ཞིག་ཏུ་ཆགས་ཡོད། མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བ་ལ་གོམ་པ་སྤོས་ཤིང་། ཧྲིན་ཀྲིན་གྱིས་དུས་རབས་གསར་བའི་དར་ཆ་མཁའ་རུ་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ལངས་གནས་དང་རིམ་པ་སྔར་ལས་མཐོ་ཞིང་། དམིགས་ཡུལ་སྔར་ལས་ལེགས་པོ་ཞིག་གིས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པ་དང་། ཕྱོགས་ཡོངས་རྒྱ་སྐྱེད་སྒོས་སྒོ་འབྱེད་བྱེད་པ།ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་ཁུགས་ཁུལ་ཆེན་པོ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་ལ་ཕན་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལག་ལེན་གསར་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པར་ཕན་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཤུགས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།