ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124929188_15669177804671n.jpg

ཟླ8པའི་ཚེས27ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅུ་དྲུག་གིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་པོར་སྒྲུབ་པར་དམིགས་ནས་ཚོགས་ཆེན་སྟེང་གཏམ་བཤད་གནང་།

རྒྱུན་ལས་ཨུ་ཡོན་ཐེན་ཧོས་ཀོང་གིས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཀུན་སྤྱོད་དམིགས་བསལ་དུ་འཛིན་པ་དང་། སློབ་མ་རྣམས་ཏང་དང་རྒྱལ་ཁབ། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བར་སློབ་སྟོན་བྱས་ཏེ། ཀུན་སྤྱོད་དང་རིག་སྟོབས། ལུས་རྩལ། མཛེས་རྩལ། ངལ་རྩལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་འགྲོ་ཞིང་། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་ལེན་ཐུབ་པའི་དུས་རབས་ཀྱི་མི་གསར་པ་སྐྱེད་སྲིང་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཝུའུ་ཁྲང་ཏི་ཡིས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། སྲིད་གཞུང་གི་འགན་ཁུར་དོན་འཁྱོལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྔོན་སློབ་གསོའི་ཁྲིམས་འཛུགས་ཇེ་མགྱོགས་སུ་བཏང་ནས། བུ་བཅོལ་ཁང་ལ་སྐྱེལ་དཀའ་བ་དང་བུ་བཅོལ་ཁང་དུ་བསྐྱལ་ན་རིན་གོང་མཐོ་བའི་གནད་དོན་དངོས་སུ་ཐག་གཅོད་དགོས་ཞེས་བསྟན། རྒྱུན་ལས་ཨུ་ཡོན་སུན་ཏུང་ཧྲིན་གྱིས་སློབ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུགས་སྤྲོད་ལམ་ལུགས་བཅོས་སྒྱུར་བྱས་ཏེ། བྱེད་ཐབས་སྣ་མང་ལ་བརྟེན་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཧི་པའོ་ཞང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། སློབ་གསོའི་ཐོན་ཁུངས་སྒྲིག་བཀོད་ལེགས་སྒྱུར་བྱེད་པ་ནས་མགོ་བརྩམས་ཏེ། འཛིན་གྲྭ་ཆེན་པོའི་གནད་དོན་དངོས་སུ་ཐག་གཅོད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཁྲིན་ཆུན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀུན་སྤྱོད་བཟང་མིན་གྱི་ཚད་གཞི་དེ་དཔྱད་འཇོག་གི་གཞི་རྩའི་ཚད་གཞི་རུ་འཛིན་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཝང་ཀོང་ཆན་གྱིས་བལྟས་ན། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་ནུས་པ་དང་བྱས་རྗེས་དང་ཆ་ཚང་ཞིང་གནས་ལུགས་དང་མཐུན་པའི་གདེང་འཇོག་བྱས་ཏེ། འཇོན་མི་དཀོན་ས་ཞེས་པའི་སྣང་ཚུལ་དེ་བསྒྱུར་དགོས་པར་འདོད། རྒྱུན་ལས་ཨུ་ཡོན་ཀྲང་ཡུང་གིས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཞིང་སྡེའི་སློབ་གསོའི་ལས་དོན་སྔོན་ལ་གོང་འཕེལ་དུ་བཏང་ནས། ཞང་སྡེ་དར་སྤེལ་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲིན་ཀྲིན་གྱིས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གསོ་སྦྱོང་བྱེད་ཚབ་འོས་འཚམ་གྱིས་ཇེ་མང་དུ་བཏང་ནས། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཏ་ཅིག་མུའུ་ཅ་ཡིས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ལས་རིགས་སློབ་གསོ་དེ་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཡུན་རིང་གི་འཐབ་ཇུས་བྱེད་ཐབས་སུ་བརྩིས་ནས་གཅིག་འདོམས་ཀྱིས་བསམ་བློ་བཏང་སྟེ། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་གྲོས་གཞི་བཏོན།

གྲོས་ཚོགས་སྟེང་འབྲེལ་ཡོད་མི་དོན་གྱི་གསལ་བཤད་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིའུ་ཆི་པའོ། ཝན་ཀང་། ཧི་ཧུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པེའོ། ཁྲིན་ཞའོ་ཀོང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐིར། ཧི་ལིས་ཧྥེང་། སུའུ་ཧོས། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།