ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་སྐོར་སྐྱོད་ལྟ་ཞིབ་ཚན་ཆུང་གི་གསོ་སྦྱོང་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་དང་སྐོར་སྐྱོད་ལྟ་ཞིབ་ཚན་ཆུང་གི་གསོ་སྦྱོང་གྲོས་ཚོགས་ཟླ་དགུ་བའི་ཚེས་བདུན་ཉིན་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་དང་སྐོར་སྐྱོད་ལྟ་ཞིབ་ཚན་ཆུང་གི་ཁོངས་མི་ཡོངས་ལ་བསམ་བློའི་སྐུལ་སློང་དང་ལས་སྒོའི་གསོ་སྦྱོང་སྤེལ་ལ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་ལྟ་སྐུལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་དང་སྐོར་སྐྱོད་ལྟ་ཞིབ་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་བྱ་བའི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། གཟབ་ནན་དངོས་གཉེར་རྒྱུན་འཁྱོངས་བྱེད་པ། མཛུབ་སྟོན་བྱ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་ལྟ་སྐུལ་བྱ་བ་བཟང་བོར་བསྒྲུབ་པ། བརྗོད་དོན་སློབ་གསོའི་འགོ་བཟང་བོ་རྩོམ་པ་དང་མཇུག་བཟང་བོར་བསྡུ་བར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།