ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་མང་པོས་མཉམ་དུ་བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། སློབ་གསོ་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་པེ་ཅིང་དུ་བརྙན་འཕྲིན་ཁ་པར་ཚོགས་འདུ་མཉམ་དུ་འཚོགས་ནས་བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་གི་མཉམ་འབྲེལ་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། སྤྱི་བདེ་པུའུ། སློབ་གསོ་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་དུ《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་བྱེད་པའི་མཉམ་འབྲེལ་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། ད་ཐེངས་ཀྱི་མཉམ་འབྲེལ་བྱ་སྤྱོད་ལ་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སེམས་ཁྲལ་ཆེ་བའི་གནད་དོན་དང་། བསུན་སྣང་སྐྱེ་བའི་གནད་དོན། བློ་མི་བདེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ནས་ཕྱོགས་བཞིའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ལྷུ་ཚིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས“བཟོ་གྲྭ་ནག་པོ”དང་། “བཟོ་ཁང་ནག་པོ”“ནག་ཚང”བཅས་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་དང་། གཉིས་ནི་འཕྲོད་སྦྱོར་བཟའ་བཅའི་ལས་རིགས་ལ་ཆེད་དོན་གཙང་སེལ་དང་བཅོས་སྒྲིག་བྱས་ནས་འཕྲོད་སྦྱོར་བཟའ་བཅའི་དྲིལ་བསྒྲགས་རྫུས་མ་དང་སྒྲིག་འགལ་ཕྱིར་ཚོང་གི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ། གསུམ་ནི་སློབ་གྲྭ་དང་དེ་བཞིན་བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མ་བྱུང་བ་དང་བཟའ་བཅའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ། བཞི་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་གནད་དོན་བཅོས་སྒྲིག་བྱས་ནས་སྔོ་ཚལ་དང་། ཁྱིམ་བྱའི་སྒོ་ང་། ཕག་ཤ ཆུ་ཐོན་དངོས་རྫས་བཅས་ཀྱི་སྤུས་ཚད་བདེ་འཇགས་དང་ཞིང་སྨན་དང་ཕྱུགས་རིགས་སྨན་ལ་སྤྱོད་མི་ཆོག་པའི་དངོས་པོ་སྣོན་པ་བཅས་ཀྱི་གནད་དོན་གཙོ་གནད་ཐག་གཅོད་བྱ་རྒྱུ་རེད།

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཤའོ་ཡ་ཆིང་གིས་བཅོས་སྒྲིག་ལས་དོན་གྱིས་གནད་ལ་འཁེལ་པོས་གནད་དོན་ཐག་གཅོད་བྱས་ཏེ་ཟླ11པའི་ཟླ་མཇུག་གོང་ཞིབ་དཔྱད་ཐུབ་པ་དང་། དབྱེ་འབྱེད་ཐུབ་པ། ཤེས་ཚོར་ཐུབ་པ་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་འགན་ལེན་བྱེད་དགོས། “མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བའི”དམིགས་ཚད་ལ་གཞིགས་ཏེ་འགན་འཁྲིའི་ཚན་པ་དང་འགན་འཁུར་བ་རིམ་པ་བཞིན་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།