ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་གཏོགས་མི་སྣ་བཞི་བརྒྱ་ལྷག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་རྒྱལ་ནང་གི་ས་ཁུལ་མང་བོ་ཞིག་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་བཞི་བརྒྱ་ལྷག་འཛིན་བཟུང་བྱས། དེ་ནི་དབྱི་སི་ཐན་པོར་དུ་ལོ་སར་སྐབས་སུ་འཇབ་རྒོལ་ཐེབས་རྗེས། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་ཆེས་ཆེ་བའི་འཛིན་བཟུང་འགུལ་སྐྱོད་ཅིག་རེད།

ཐུར་ཁེའི་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་པ་ལྟར་ན། འཛིན་བཟུང་བྱས་པའི་མི་མང་ཆེ་བ་ནི་ཕྱི་རྒྱལ་གྱི་མི་ཡིན་པ་རེད། ཡིན་ཡང་མི་དེ་དག་རྒྱལ་ཁབ་གང་ནས་ཡིན་པ་དང་། འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་མེད་སོགས་བྱེ་བྲག་གི་གནས་ཚུལ་ཞིབ་ཏུ་བརྗོད་མེད། ཐེངས་འདིར་མི་བཞི་བརྒྱ་ལྷག་འཛིན་བཟུང་བྱས་པ་ལས་གཞན་དེའི་སྔོན་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པར་དོགས་པའི་མི་བདུན་བརྒྱ་དང་བརྒྱད་ཅུ་བཀག་འཇུག་བྱས་ཡོད། དེའི་ནང་ཉུང་མཐར་ཡང་ཕྱི་རྒྱལ་གྱི་མི་སུམ་བརྒྱ་དང་ལྔ་བཅུ་ཡོད་ལ། ཁོ་ཚོའི་ཁྲོད་མི་མི་ཉུང་བ་ཞིག་གིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་སྤེལ་བའི་དབང་གིས་ཁྲིམས་ཐག་བཅད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།