ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་སྲིད་གཞུང་གིས་ཉིས་སྟོང་བཅོ་བརྒྱད་ལོར་གནམ་བསྐོས་གོང་མ་གོ་གནས་ལས་འབབ་པ་དང་ཉིས་སྟོང་བཅུ་དགུའི་ལོ་ནས་བཟུང་ཁྲི་ལོ་བསྒྱུར་བར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b4f0cc7df98c547764082907cb444004.jpg

འཇར་པན་གྱི་གནམ་བསྐོས་གོང་མ་བཟའ་ཟླའི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་འཇར་པན་སྲིད་གཞུང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་གནམ་བསྐོས་གོང་མ་གོ་གནས་ལས་འབབ་པ་དང་། རྒྱལ་སྲས་ཀྱིས་གནམ་བསྐོས་གོང་མ་གསར་བའི་འགན་ཁུར་བའི་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། སྐབས་ཐོག་དེར་གནམ་བསྐོས་གོང་མའི་ཁྲི་ལོ་གསར་བ་དེ་ཚོད་དཔག་བྱས་ན་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོར་བཅོས་བསྒྱུར་བྱེད་རྒྱུ་རེད། འཇར་པན་སྲིད་གཞུང་གིས་དེའི་སྔོན་ལ་དུས་ཚོད་ངེས་ཅན་ལྡན་པའི་བྱེད་ཕྱོགས་སྤྱད་པ་རེད།

བསྒྲགས་པ་ལྟར་ན། འཇར་པན་སྲིད་གཞུང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོར་གནམ་བསྐོས་གོང་མ་གསར་བ་ཁྲིར་བཞུགས་དང་ཁྲི་ལོ་བརྗེ་པའི་ཇུས་གཞིར་གྲོས་བསྡུར་བྱས་ཀྱང་། ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པ་ནས་བཟུང་ལོ་གསར་བའི་ཕོ་བྲང་གི་བྱ་འགུལ་བསྟུད་མར་སྤེལ་དགོས་པས། ཟླ་དང་པོའི་ཚེས་གཅིག་ཉིན་ཁྲིར་འཁོད་པར་དཀའ་ཁག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་འགའ་ཡིས་གོང་གི་གནས་ཚུལ་དེ་དག་བཤད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།