ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་རྩ་འཛུགས་བྱེད་པའི་ཚོགས་ཁག་ཅིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་བྱང་ཕྱོགས་ཀྱི་ཏན་ཅི་ཨར་གྲོང་ཁྱེར་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་རྩ་འཛུགས་བྱས་ཏེ་ཡོ་རོབ་གླིང་དུ་ལྐོག་འདྲེན་བྱེད་པའི་ཚོགས་ཁག་ཅིག་རྩད་ཆོད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་ལམ་ཁྲིད་མཁན་གསུམ་དང་ལྐོག་འབྲོས་བྱེད་རྩིས་ཡོད་པའི་མི་བཅུ་བདུན་འཛིན་བཟུང་བྱས། ལྐོག་འབྲོས་བྱེད་རྩིས་ཡོད་པའི་མི་བཅུ་བདུན་གྱི་གྲས་སུ་ཨར་ཅི་རི་ཡཱའི་མི་བཅུ་བཞི་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་ད་རུང་ལྐོག་འབྲོས་ཐད་བཀོལ་བའི་རླངས་འཁོར་གཉིས་བཀག་འཇོག་བྱས་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་འབྲེལ་ཡོད་སྡེ་ཁག་གིས་དེར་འབྲེལ་མི་སྣར་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། ཚོགས་ཁག་དེའི་མི་སྣ་ཚང་མ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་རྒྱུ་རེད་ཟེར། 
མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་སྤེལ་བའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་བར། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་བསྡོམས་པས་ཁྲིམས་འགལ་གནས་སྤོར་སྡོད་དམངས་རྩ་འཛུགས་བྱེད་པའི་ཚོགས་ཁག་བརྒྱ་དང་དོན་བཞི་རྩད་ཆོད་ནས་གཏོར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།