ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱུན་མཐུད་འཕེལ་རྒྱས་ནི་མི་ཚང་མའི་ཁེ་དབང་མངོན་འགྱུར་བྱེད་པའི་ཇུས་གཞི་བཟང་བོ་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་རི་ནེ་ཝ་ནས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་འཕེལ་རྒྱས་དབང་ཆར་སྐུལ་འདེད་གཏོང་བའི་ཐད་གནད་འགག་གི་ནུས་པ་འདོན་བཞིན་ཡོད་པ་དང་། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནི་མི་ཚང་མའི་ཁེ་དབང་མངོན་འགྱུར་བྱེད་པའི་ཇུས་གཞི་ཆེས་བཟང་བོ་ཞིག་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཚོགས་མགོ་བརྩམས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་བཅུ་བའི་སྟེང་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་གི་ཉམས་ཉེན་སྔོན་འགོག་དང་ཐག་གཅོད་བྱེད་པར་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། ཁོས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྣ་ཚོགས་དེ་གནས་བབ་ཞི་འཇགས་སུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཞི་བདེ་སྲུང་འཛིན་བྱེད་པ་བཅས་ལ་ཕན་ཐོགས་ཡོད་ཟེར། 

ཁོས་བཤད་རྒྱུར། མིག་སྔར་རིགས་རྒྱུད་རིང་ལུགས་དང་ཕྱི་ཡོང་ལ་ལྟ་སྟངས་མི་འདྲ་བ་འཛིན་པ། བཟོད་སྒོམ་གྱི་སྙིང་སྟོབས་མེད་པ་བཅས་ཀྱི་གནད་དོན་ཉིན་རེ་བཞིན་འབུར་ཐོན་ཡིན་པ་དང་། འཁོན་འཛིན་གྱི་གཏམ་སྤྱོད་ཀྱིས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་ཚབས་ཆེན་ཐེབས་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་ཚན་ཆུང་ཞིག་བཙུགས་ནས། ཆེད་དུ་འཁོན་འཛིན་ལ་ངན་སྐུལ་བྱེད་པའི་གཏམ་བརྗོད་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།